རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་སྒྲིལ་བའི་མཛད་སྒོ་ཞི་ཨན་ཨོ་རྩལ་འགྲན་ཚོགས་ལྟེ་གནས་ཀྱི་ལུས་རྩལ་ཁང་དུས་བསྡུས།
2021.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་གྱི་དགོང་མོར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་སྒྲིལ་བའི་མཛད་སྒོ་ཞི་ཨན་ཨོ་རྩལ་འགྲན་ཚོགས་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས།

སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ཞི་ཨན་ནས་ཚོགས་མགོ་བརྩམས་པ་དང་། འགྲན་སྡུར་རྣམ་གྲངས་སོ་ལྔ་དང་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱ་འགུལ་བཅུ་དགུ་སྟེ་བསྡོམས་པས་རྣམ་གྲངས་ཆུང་ཆུང་ལྔ་བརྒྱ་དང་གོ་ལྔ་བཙུགས་ཡོད་ལ། བསྡོམས་པས་ལུས་རྩལ་པ་ཁྲི་གཅིག་དང་སྟོང་གཉིས་དང་མང་ཚོགས་ལུས་རྩལ་པ་ཁྲི་གཅིག་ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་ཉིས་སྟོང་ཉེར་ལྔ་ལོར་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱིས་སྒྲུབ་བཞིན་ཡོད། ཐེངས་འདིའི་འགྲན་སྡུར་མཇུག་སྒྲིལ་བའི་མཛད་སྒོའི་རྗེས་སུ་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས།

སུན་ཁྲུན་ལན་དང་ཀྲང་ཁྲུན་ཞན། ཞོ་ཅེ། ཀུའུ་ཧྲིན་ཙུའུ། དེ་མིན་མེའོ་ཧྭ་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས།

                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།