སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།
2021.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལས་རིགས་སོ་སོའི་འཐབ་ཚབ་དང་མཉམ་དུ་མཛད་སྒོར་ཞུགས།

ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཝང་ཆི་ཧྲན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོར་ཞུགས།

སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལས་རིགས་སོ་སོའི་འཐབ་ཚབ་དང་མཉམ་དུ་མཛད་སྒོར་ཞུགས།

རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད་ལ། ཐང་ཆེན་གྱི་དཀྱིལ་དུ་མེས་རྒྱས་ལ་སྨོན་འདུན་ཞུ་ཞེས་པའི་མེ་ཏོག་གི་ཕྲེང་བ་ཆེན་པོས་རྒྱལ་ཁབ་དར་རྒྱས་གོང་འཕེལ་འབྱུང་བའི་སྨོན་འདུན་བཟང་བོ་མཚོན་ཡོད་པ་དང་། མེ་ཏོག་གི་ཕྲེང་བའི་སྟེང་གི་རྒྱལ་སྟོན་དགའ་བས་རོལ་ཞེས་པའི་ཡིག་འབྲུ་དག་ལྷག་ཏུ་བཀྲག་མདངས་ལྡན། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་འགྱིང་ཡོད་པ་དང་། དེའི་བྱང་ལོགས་སུ་ཁྲ་ཆིལ་མེ་ཏོག་གིས་གྲུབ་པའི་མེ་ཏོག་གི་ཕྲེང་བ་བཅོ་བརྒྱད་བཞག་ཡོད་པ་དེས་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོ་དྲན་པའི་གདུང་བ་མཚོན་ཡོད།

དུས་ཚོད་བཅུ་ལ་ཉེ་སྐབས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོར་ཞུགས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རམ་དཀྲོལ་ཚོགས་པའི་དམག་དུང་འབུད་མཁན་གྱིས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་དུང་བརྡ་བུས་ལ། དུང་བརྡ་དེས་དགའ་སྐྱོ་གཉིས་ལྡན་གྱི་སྤྱིར་བཏང་མིན་པའི་ལོ་ཟླ་མཚོན་ཡོད།

ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ། རང་སྲོག་དོར་བའི་བློ་སྟོབས་རབ་སྐྱེད་ནས། ། འཇིག་རྟེན་གསར་པ་ཞིག་ལ་སྒྱུར་ཕོད་པའི་ཞུམ་མེད་སྤོབས་པས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་སྟེང་བརྗིད་ཅིང་ཟབ་པའི་ལོ་རྒྱུས་སྙན་རྩོམ་བརྩམས་པ་རེད།

གུས་ལུགས་དམག་གིས་གྲ་སྒྲིག་བྱོས་ཞེས་པའི་བཀའ་བརྡ་དང་བསྟུན་ནས། དམག་གསུམ་གཟབ་སྦྲེང་དམག་མི་དྲུག་ཅུ་གོམ་སྟབས་བརྟན་པོས་དྲན་གསོའི་རྡོ་རིང་མདུན་དུ་སོང་ནས་མེ་མདའ་བཟུང་སྟེ་ཀྲོང་ངེར་ལངས།

དུས་ཚོད་བཅུའི་སྟེང་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་དངོས་སུ་མགོ་བརྩམས། དམག་དཔུང་རམ་དཀྲོལ་ཚོགས་པས་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་བ་དང་། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསེང་མཐོན་པོས་བླངས།

རྒྱལ་གླུ་བླངས་ཚར་བ་ན། ཚང་མ་ཁུ་སིམ་མེར་ལངས་ཏེ་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཐད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས།

མྱ་ངན་ཞུས་རྗེས་ལག་ཏུ་མེ་ཏོག་བཟུང་བའི་ལོ་ཆུང་བྱིས་པས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་གདོང་གཏད་དེ་ང་ཚོ་གུང་ཁྲན་རིང་ལུགས་ཀྱི་རྒྱུད་འཛིན་པ་ཡིན་ཅེས་པའི་གླུ་དབྱངས་བླངས་པར་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས།

རུ་གྲལ་རྣམས་ཀྱི་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ། དམངས་གཙོ་ཏང་ཁག་སོ་སོ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས། འཐབ་མོ་བ་རྒན་པ། བློ་མཐུན་རྒན་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་གི་ཕྲེང་བ་ཆེན་པོ་དགུ་གྲལ་སྟར་གཅིག་ཏུ་བསྒྲིགས་ཡོད་ལ། མེ་ཏོག་གི་ཕྲེང་བའི་དར་ཚོན་སྟེང་དུ་མི་དམངས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག་ཅེས་པའི་ཡིག་འབྲི་དག་བཀྲག་མདངས་འཚེར་བཞིན་ཡོད།

དམག་དཔུང་རམ་དཀྲོལ་ཚོགས་པས་མེ་ཏོག་འབུལ་བའི་རོལ་དབྱངས་དཀྲོལ་བ་དང་། གུས་ལུགས་དམག་མི་བཅོ་བརྒྱད་ཀྱིས་མེ་ཏོག་གི་ཕྲེང་བ་བརྟན་པོར་བཀྱགས་ཏེ་དལ་གྱིས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ཕྱོགས་སུ་བསྐྱོད་ནས། མེ་ཏོག་གི་ཕྲེང་བ་རྗེས་དྲན་རྡོ་རིང་གི་སྟེགས་བུའི་སྟེང་བཞག

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དྲན་གསོའི་རྡོ་རིང་གི་སྟེགས་བུའི་སྟེང་ཕེབས་ཏེ། མེ་ཏོག་གི་ཕྲེང་བའི་མདུན་དུ་ལངས་ལ། མེ་ཏོག་གི་ཕྲེང་བས་མི་དམངས་དཔའ་བོར་བཅངས་པའི་ཡལ་མེད་ཀྱི་དྲན་གདུང་དང་བླ་མེད་ཀྱི་གུས་འདུད་མཚོན་ཡོད།

ཞི་ཅིན་ཕིང་མདུན་དུ་ཕེབས་ནས་མེ་ཏོག་གི་ཕྲེང་བའི་དར་ཚོན་ལེགས་པར་བཅོས། དེར་མཐུད་ནས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དལ་གྱིས་སྐོར་བ་བརྒྱབ་སྟེ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མཇལ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་ཏེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཡོངས་སུ་འགྲུབ་པར་བྱས་ཏེ། ཐལ་དྲགས་པའི་དབུལ་ཕོངས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱིས་ཐག་བཅད། ད་ལྟ་ང་ཚོ་སྤོབས་པ་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་ཞུམ་པ་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད།

ལོ་ཆུང་བྱིས་པ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་ཀྱང་རིམ་པ་བཞིན་དྲན་གསོའི་རྡོ་རིང་གི་མདུན་དུ་སོང་ནས། མེ་ཏོག་ཕུལ་བར་མད་ཟད་རྗེས་དྲན་རྡོ་རིང་ལ་མཇལ།

མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཡིས་མགོ་འཛིན་བྱས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁ་ཤས། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁ་ཤས་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་མཛད་སྒོར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ། པེ་ཅིང་དུ་ཡོད་པའི་འཐབ་མོ་བ་རྒན་པ། བློ་མཐུན་རྒན་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། པེ་ཅིང་དུ་ཡོད་པའི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་འཐུས་ཚབ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ། རྒྱལ་ཡོངས་པྲོག་གསར་གློ་ཚད་འགོག་རྒོལ་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ། རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ། རྒྱལ་སའི་ལས་རིགས་སོ་སའོི་མང་ཚོགས་ཀྱི་འཐུས་ཚབ་སོགས་མཛད་སྒོར་ཞུགས།

ཕྱུག་ལོས་བསྒྱུར།