ལིས་ཀྲན་ཧྲུའུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་དཔོན་གྲོས་ཚོགས་སྐབས་བདུན་པར་ཞུགས་པར་མ་ཟད་གསུང་བཤད་གནང་།
2021.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་བཅུ་བའི་ཚེས་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་ལམ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་དཔོན་གྲོས་ཚོགས་སྐབས་བདུན་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་བཅུ་བའི་ཚེས་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་ལམ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་དཔོན་གྲོས་ཚོགས་སྐབས་བདུན་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་ཁྲིམས་འཛུགས་སྒྲིག་གཞི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ལ་གྲོས་གཞི་གསུམ་བཏོན། གཅིག མཐུན་སྒྲིལ་སྒོས་རིམས་འགོག་བྱེད་པ་དང་ཚན་རིག་དང་མཐུན་པར་རིམས་འགོག་བྱེད་དགོས། ཚེ་སྲོག་བླ་ན་མེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མི་རེ་རེ་ཡི་ཚེ་སྲོག་དང་རིན་ཐང་། ལ་རྒྱ་བཅས་སྲུང་སྐྱོབ་བྱེད་པ་དང་། ཧུར་ཐག་སྒོས་རིམས་ནད་འགོག་བཅོས་དང་གནད་འགག་སྐབས་ཀྱི་དངོས་རྫས། སྤྱི་ཐུན་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། འགོག་སྨན་དེ་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་ཐོན་རྫས་སུ་འགྱུར་བར་བྱེད་པ་དང་། འགོག་སྨན་གྱི་ནུས་པའི་རང་བཞིན་དང་ཁག་ཁུར་རང་བཞིན་ཇེ་མཐོར་གཏོང་དགོས། གཉིས། ཤུགས་དྲག་པའི་ལྗང་མདོག་བདེ་ཐང་གི་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་འཛམ་གླིང་འཕེལ་རྒྱས་སུ་གཏོང་བའི་གྲོས་མགོ་བཏོན་པར་མ་ཟད། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་ན་མི་དམངས་ལ་བརྟེན་དགོས་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན། གསུམ། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་ལྟ་བ་ལག་ལེན་བྱེད་པ་དང་། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་མོས་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྩི་སྲུང་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན། མི་དམངས་ལྟེ་བར་འཛིན་པ་ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་ཡིན། ཀྲུང་གོས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱས་པ་དང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ཕོངས་གནད་དོན་ཐག་བཅད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་བསྐྱོད་བྱེད་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་རྒྱལ་ཁབ་སོ་སོའི་གྲོས་ཁང་དང་མཉམ་དུ་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་ཞིང་དཀའ་ངལ་མཉམ་སེལ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ནུས་ལྡན་སྒོས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་མཛེས་པའི་མ་འོངས་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།