ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས།
2021.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱ་དང་ང་ལྔ་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་དང་ཉི་མ་སྒྲོལ་མ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡུན་དང་ཝུའུ་ཧེ་ཁུན། ཀྲང་ཧོང་ཡོན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི། དེ་མིན་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དེ་ཏང་གི་ལོ་རྒྱུས་དང་དམངས་ཆེན་བྱ་བའི་ལོ་རྒྱུས་སྟེང་དུ་ཐེངས་དང་པོ་ཡིན་པ་དང་། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་ཆེན་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་བ་མཚོན་ཞིང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གོ་གནས་གལ་ཆེན་མངོན་པར་བྱས་པ་དང་། དེ་ལས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཐད་ལ་འདུ་ཤེས་གསར་པ་དང་རྣམ་བཤད་གསར་པ། རེ་བ་གསར་པ་རབ་དང་རིམ་པ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་བཀོད་སྒྲིག་རེ་བ་ཁོང་དུ་ཆུད་པར་བྱས་ཏེ། འགན་འཁྲིའི་བསམ་པ་དང་འགན་འཁུར་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཁག་ཁུར་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཧུར་ཐག་སྒོས་བྱ་བ་བསྒྲུབ་པ་དང་དོན་དངོས་ཀྱི་འགུལ་སྐྱོད་དང་གྲུབ་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་མངགས་བཅོལ་ལ་ལན་སྤྲོད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཅིག་གྱུར་རེ་བ་ལྟར། ཆབ་སྲིད་སྐྱོང་བའི་མཐོ་ཚད་ནས་སློབ་སྦྱོང་དང་ལག་བསྟར་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་འཇོག་པ་དང་། གཤིབ་བསྡུར་བྱེད་པ་དང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་སྒུལ་ཤུགས་སུ་སྒྱུར་དགོས་ལ། སྤོབས་པ་ཆེར་སྐྱེད་དང་གསར་གཏོད་བརྩོན་ལེན་བྱེད་པ་དང་། རྒྱུན་མཐུད་སྒོས་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་དང་རང་སྟེང་འཛུགས་སྐྲུན་སོགས་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་བྱ་བའི་ཐད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས་ཟེར།

                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།