ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས།
2021.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 116

ཟླ་བཅུ་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་ལམ་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་ལམ་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་བཅས་མཉམ་དུ་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་བསྟན་དོན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་ཀྱི་རི་ཆུ་གཅིག་ཏུ་འདྲེས་ཤིང་ལས་དབང་གཅིག་མཐུན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐའ་འཁོར་གྱི་ཚེ་སྲོག་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་གྲོས་གཞི་གལ་ཆེན་བཏོན་པ་དང་། ང་ཚོས་མཉམ་དུ་སྒོ་འབྱེད་དང་བཟོད་སྒོམ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཨེ་ཤ་ཡ་ཤར་མ་འཛུགས་སྐྲུན་བྱེད་དགོས། དེའི་ཐད་ནས་ཀྲུང་གོ་ཕྱོགས་ཀྱིས་གཤམ་གྱི་གྲོས་གཞི་འདི་དག་བཏོན་ཡོད་དེ། གཅིག་ནས་སྤྱི་ཐུན་འཕྲོད་བསྟེན་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། གཉིས་ནས་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་བ། གསུམ་ནས་ཨེ་ཤ་ཡ་ཤར་མའི་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་པ། བཞི་ནས་ཨེ་ཤ་ཡ་ཤར་མའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ལྔ་ནས་ནོར་སྲིད་དང་དངུལ་རྩའི་མཉམ་ལས་གསོན་ཤུགས་ཆེར་སྐྱེད་པ། དྲུག་ནས་ལྗང་མདོག་དང་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཞི་བདེ་ལ་སྐུལ་འདེད་གཏོང་བ། ས་ཁུལ་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་གྱི་སྟོབས་དང་ལྡན་པའི་འཕར་སྣེ་གསར་སྐྲུན་བྱེད་དགོས་ཟེར།

ཚོགས་ཞུགས་འགོ་ཁྲིད་མི་སྣས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཀྱི་ཉེན་ཁར་ཁ་གཏད་འཇལ་བ་དང་། ཨེ་ཤ་ཡ་ཤར་མའི་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཕྱོགས་སོ་སོས་ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཐད་ནས་སྔ་མོ་ནས་ནུས་པ་ཐོན་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཐུན་འཕྲོད་བསྟེན་དང་གཞི་གྲངས་དཔལ་འབྱོར། མཉམ་འབྲེལ་མཉམ་མཐུད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཨེ་ཤ་ཡ་ཤར་མའི་ཐུན་མོང་ཚོགས་པ་འཛུགས་པ་དང་ཨེ་ཤ་ཡ་ཤར་མ་དང་འཛམ་གླིང་མཉམ་དུ་འཕར་སྣོན་འབྱུང་བ་དང་དར་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་པའི་ཚུལ་བསྟན།

ཞའོ་ཅེ་གྲོས་ཚོགས་ལ་ཞུགས།