རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་ལྔ་པ་བསྡུས།
2021.11.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 71

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་ལྔ་པ་ཚེས་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་རྩ་འཛུགས་ཡོད་པའི་ཉེས་བཟོ་བཅའ་ཁྲིམས་འཆར་ཟིན་དང་བརླན་སའི་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན། ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས་བཅས་ཀྱི་བཟོ་བཅོས་འཆར་ཟིན་དང་། འུར་སྒྲ་དང་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་འཆར་ཟིན། ས་བོན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། དམངས་དོན་ཞུ་གཏུག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཅས་ཀྱི་གནད་དོན་གཙོ་བོའི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་བཏོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་གྲོས་གཞིའི་ཚབ་བྲིས་མ་ཡིག་སྐོར་གྱི་སྙན་ཞུ་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མིས་གོང་གི་བཅའ་ཁྲིམས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས། ཕྱོགས་སོ་སོའི་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་ཐད་ཀྱི་གྲོས་གཞི་ལ་ཉན་པ་མ་ཟད་བཟོ་བཅོས་ནན་མོ་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།