ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས། 
2021.11.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 112

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས། 

ཚོགས་ཐོག་ནས་ཝུན་པེན་དང་ཧི་ཅོན་སོགས་ཆེད་མཁས་པ་དང་། ཏཱ་ཐང་སྡེ་ཚོགས། ཝུའུ་ཞི་སྲིང་བལ་འཁེལ་འཐག་སྡེ་ཚོགས། ཧྲིན་ཀྲིན་ཅིང་ཧྥུན་སྨན་བཅོས་སྒྲིག་ཆས་ཀུང་ཟི་བཅས་ཀྱི་འགན་ཁུར་བས་གཏམ་བཤད་སྤེལ། ལིས་ཁི་ཆང་གིས་གསུངས་དོན། ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་དེ་རིམས་ནད་རྒྱ་ཡན་དུ་སོང་བ་དང་། ཆུ་ལོག་གི་གནོད་འཚེ་ཚབས་ཆེན། ཚོང་རྫས་ཀྱི་རིན་གོང་འཕར་བ། གློག་ཤུགས་དང་རྡོ་སོལ་དཀོན་པ་སོགས་ཀྱི་འགྲན་རྩོད་མང་པོར་འཕྲད་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཕྱོགས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དངོས་འབེབས་བྱས་པས། དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་གཏན་འཇགས་ངང་སླར་གསོ་བྱུང་བ་དང་། སྔ་སྣུར་གྱིས་ལོ་ཧྲིལ་བོའི་ལས་ཞུགས་ལས་འགན་ཡོངས་འགྲུབ་བྱས་ཡོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་ལ་ཉམས་རྒུད་ཀྱི་གནོན་ཤུགས་གསར་དུ་བྱུང་བ་དང་། གཞི་གྲངས་མཐོན་པོའི་སྟེང་མུ་མཐུད་དུ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་འགྲན་རྩོད་མང་བོ་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དངོས་འབེབ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རེ་བ་གཞིར་བཟུང་སྟེ། མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་པོར་བསྒྲུབས་པ་དང་། གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལ་ཤུགས་སྣོན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། འཁོར་ཡུན་ལས་བརྒལ་བའི་སྙོམས་སྒྲིག་བྱ་བ་བཟང་པོར་སྒྲུབ་ནས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་མཚམས་སུ་སྲུང་འཛིན་བྱེད་དགོས། 

ལིས་ཁི་ཆང་གིས་གསུངས་དོན། ཆེ་མཐོང་སྲིད་ཇུས་དེ་མུ་མཐུད་དུ་ཚོང་ར་གཙོ་བོར་དམིགས་ནས་སྤེལ་དགོས། རྒྱུན་མཐུད་ལམ་ལུགས་རང་བཞིན་གྱིས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་། གཏན་འཁེལ་བྱས་པའི་དཔྱ་ཁྲལ་ཉུང་བསྡུའི་སྲིད་ཇུས་དངོས་འབེབ་བྱེད་པའི་ཞོར་དུ་མཉམ་འབྲེལ་གྱི་དུས་རིམ་རང་བཞིན་གྱི་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱས་ཤིང་། གསར་སྤེལ་གྲོན་དངུལ་ལེན་པ་དང་རིན་འཕར་དཔྱ་ཁྲལ་ཉར་འཇོག་བྱས་ཏེ་ཁྲལ་མེད་པར་གཏོང་བ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། བཟོ་སྐྲུན་ཁེ་ལས་དང་ཁེ་ལས་ཆུང་འབྲིང་། སྒེར་གྱི་ཚོང་བ་བཅས་ཀྱི་དཀའ་ཁག་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས་ནས། གློག་ཤུགས་གཏན་འཇགས་ངང་མཁོ་འདོན་བྱེད་པར་འགན་སྲུང་བྱས་ཏེ་ཚོང་ར་གཙོ་བོའི་འཕེལ་རྒྱས་ཐད་ཁོར་ཡུག་བཟང་པོ་བསྐྲུན་དགོས། 

ལིས་ཁི་ཆང་གིས་གསུངས་དོན། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས་པ་དང་། མུ་མཐུད་དུ་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་ཏེ་ཚོང་ར་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས་ལ། ལས་ཞུགས་དང་སྡོད་དམངས་ཀྱི་ཡོང་འབབ་འཕར་བ། འཛད་སྤྱོད་རྒྱ་བསྐྱེད་པ་བཅས་ལ་སྐུལ་ཁྲིད་བྱས་ནས། ནང་མཁོའི་སྦས་ཤུགས་འདོན་དུ་འཇུག་དགོས། 

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཧི་ལིས་ཧྥུན་བཅས་གྲོས་ཚོགས་ལ་ཞུགས། 


བསོད་ནམས་ཚེ་རིང་གིས་བསྒྱུར།