ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་བར་ཚོགས་ཞུགས་འཐུས་མིའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།
2021.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 103

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་བར་ཚོགས་ཞུགས་འཐུས་མིའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་སྤེལ་བཏང་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། འཛམ་གླིང་ལ་རང་རྒྱལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པ་བརྒྱུད་དེ་རིམས་འགོག་རྗེས་སུ་སའི་གོ་ལའི་དཔལ་འབྱོར་བསྐྱར་དར་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱས་ཡོད།

བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་ནས་ལོ་བརྒྱད་ཀྱི་ཚུན་ལ་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱས་ཤིང་། ཚན་རིག་དང་མཐུན་པར་དུས་སྐབས་གསར་པའི་མདུན་དུ་ལྷགས་པའི་གནས་བབ་གསར་བར་དབྱེ་ཞིབ་བྱས་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཚོགས་ཞུགས་འཐུས་མིས་བཤད་དོན། ཀུན་ལ་ཕན་ཞིང་དོན་དངོས་ཀྱི་གྲུབ་འབྲས་བླངས་པ་དེས་མི་རྣམས་ཀྱི་སྤོབས་པ་ཆེ་རུ་བསྐྱེད་པ་དང་། དེ་དང་ལྷན་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངོས་ཟིན་ཟབ་མོ་ཐོབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ཚད་གཞི་མཐོ་ཞིང་རྒྱུན་མཐུད་དང་དམངས་ཚིས་ལ་ཕན་པ་དམིགས་འབེན་དུ་བཟུང་སྟེ། མཉམ་འབྲེལ་མཉམ་མཐུད་ཀྱི་མཉམ་ལས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་ཅིང་ཉེན་ཁའི་འགོག་སྡོམ་དྲ་རྒྱ་ཇེ་བརྟན་དུ་གཏོང་བ་དང་།  ཧུར་ཐག་སྒོས་སྔར་ལས་མཐོ་བའི་མཉམ་ལས་ཆུ་ཚད་དང་སྔར་ལས་མཐོ་བའི་ཤུགས་འདོན་ཕན་འབྲས། སྔར་ལས་མཐོ་བའི་འདོན་སྤྲོད་སྤུས་ཚད། སྔར་ལས་མཐོ་བའི་འཕེལ་རྒྱས་མཉེན་ཆ་བཅས་མངོན་འགྱུར་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། དེ་དང་ལྷན་དུ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པར་ཞབས་འདེགས་བཟང་པོ་ཞུ་དགོས།

ཚོགས་ཞུགས་འཐུས་མིས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པར་མ་ཟད་ལག་བསྟར་དང་དངོས་འབེབས་གང་ལེགས་བྱེད་པ་དང་། གོ་སྐབས་དམ་འཛིན་བྱེད་པ་དང་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལག་བསྟར་བཟང་པོ་བྱེད་པའི་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།