ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་སྤྱི་བདེ་མངག་གཏོང་ཁང་དང་སྣ་མང་འགལ་རྩོད་ཐག་གཅོད་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་སོགས་གཞི་རིམ་སྡེ་ཁག་ཏུ་སོང་ནས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། སྤྱི་བདེ་ལས་ཁུངས་སྐབས་བསྟུན་ཐག་གཅོད་འཕྲལ་སྒྲུབ་སྟོབས་ཤུགས་འཐབ་རྩལ་སྡེ་ཚན་གྱི་ཡུལ་དངོས་འཁྲབ་སྦྱོང་ལ་ལྟ་སྦྱོང་མཛུབ་ཁྲིད་བྱས་པ་དང་། མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པར་འཚམས་འདྲི་བྱས།
ལིས་ཧུང་ཡ་ཡིས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བསམ་བློའི་ངོས་ཟིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གཏན་ཁེལ་གཉིས་དེ་སྲུང་སྐྱོབ་གཉིས་ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་སུ་བསྒྱུར་བ། སློབ་སྦྱོང་དང་ལག་བསྟར་གྱི་གྲུབ་འབྲས་ཆབ་སྲིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཐུན་བདེ་འཇགས་ལ་ཁག་ཐེག་བྱེད་པའི་བྱ་བའི་ཕན་འབྲས་ཁྲོད་མངོན་པར་བྱེད་དགོས་པའི་རེ་བ་བཏོན།
ལིས་ཧུང་ཡ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དང་གཙོ་ཐིག་ཏུ་བྱེད་པ་དང་། གནས་ཚུལ་དངོས་ལ་རྐང་བཙུགས་ནས། ལག་བསྟར་དམ་འཛིན་བྱེད་པ་པ་དང་སྣོན་བསྡུར་གྲངས་གནས་གོང་འདྲིལ་བྱེད་པ། ཁྱད་ཆོས་ལྡན་པར་བྱེད་པའི་བྱ་བའི་རེ་བར་དོ་སྣང་བྱེད་པ། ཉེན་ཁ་མེད་པར་བྱེད་པ་དང་གྱོད་གཞི་འབྱུང་ཚད་ཇེ་ཉུང་དུ་གཏོང་བ། བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། རང་འགུལ་གྱིས་བྱ་བ་བཟང་པོར་བསྒྲུབ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་སྟེང་ཤུགས་འདོན་པ་དང་། ཉེན་རྟོག་པ་ཡོངས་ཀྱིས་ནམ་ཡང་མི་དམངས་ཀྱི་བདེ་འཇགས་དམིགས་འབེན་དུ་བརྩི་བ་དང་ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་བྱེད་པར་སྣེ་ཁྲིད་བྱེད་དགོས། དཔུང་སྡེའི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བའི་སྟེང་ཤུགས་འདོན་པ་དང་། ཁྲིམས་འཛིན་གྱོད་སྒྲུབ་ནུས་པ་དང་ཚད་ལྡན་ཁྲིམས་འཛིན་ཆུ་ཚད་མཐོར་འདེགས་བཏང་སྟེ། ལྕགས་དང་འདྲ་བ་བཞིའི་སྤྱི་བདེ་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ་དང་། རྒྱུན་སྲོལ་སྒོས་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་སྤེལ་བ། སྟོབས་ཤུགས་ཡོད་རྒུས་བོད་འབྲེལ་ས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་ཞི་འཇགས་ལ་འགན་སྲུང་བྱེད་པའི་དུས་རབས་གསར་པའི་འགན་འཁྲི་ལས་འགན་ཕྲག་ཏུ་ལེན་དགོས།
རིན་ཆེན་མཚོས་བསྒྱུར།