མཚོ་སྔོན་ཞིང་ཆེན་སློབ་གསོ་དག་ཐེར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་བསྡུས།
2021.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་དག་ཐེར་གཞུང་སྒྲུབ་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐད་ཀྱི་གྲོས་གཞི་ཡར་ཞུ་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དག་ཐེར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། སྐོར་ཐེངས་གཉིས་པའི་སློབ་གསོ་དག་ཐེར་ཐད་ཀྱི་ཕྱིར་བལྟ་བྱ་བ་སྤེལ་བར་བཀོད་སྒྲིག་བྱས། གྲོས་ཚོགས་སྔོན་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱིན་པད་ཀྱིས་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་གི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་ཐད་ནས་རེ་བ་བཏོན།

དབྱིན་པད་ཀྱིས་བསྟན་དོན། ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་བ་དང་། ཕྱིར་ལྟའི་བྱ་བ་སྤེལ་བར་རྩ་འཛུགས་ནན་མོ་བྱེད་པ། སློབ་གསོ་དག་ཐེར་གྱི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱེད་པ། རེ་རེ་བཞིན་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་གི་ཡར་ཞུ་གྲོས་གཞི་དང་གནད་དོན་གྱི་གསལ་ཕྲར་ཤན་སྦྱར་ནས། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། དག་ཐེར་ལེགས་བཅོས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། ཕན་འབྲས་བརྩོན་ལེན་བྱེད་པར་སྐུལ་འདེད་བཏང་སྟེ། དག་ཐེར་ལེགས་བཅོས་ཀྱི་ལས་འགན་རེ་རེ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། སློབ་གསོ་དག་ཐེར་གྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་བསྡུ་རུབ་བྱེད་པ་དང་། ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་དམ་འཛིན་བྱས་ནས། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དག་ཐེར་ལེགས་བཅོས་ཕྱིར་བལྟ་བྱེད་རྒྱུ་དེ་གོ་སྐབས་སུ་འཛིན་པ་དང་། ཕྱོགས་སོ་སོའི་མཁྲེགས་གཏོར་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གནོད་པ་མེད་པར་བྱེད་པའི་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་དང་གནོད་སེལ་གྱི་ཁུངས་སྣེ་མང་པོའི་ཞིབ་བཤེར་ཆེད་དོན་འགུལ་སྐྱོད། བཅའ་ཁྲིམས་དང་འབྲེལ་བ་དང་ཞུ་གཏུག་དང་འབྲེལ་བའི་འཕྲིན་བཅར་གནད་དོན་ཞིབ་བཤེར་ཐག་གཅོད་ཀྱི་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ནས། མིག་སྔའི་སློབ་གསོ་དག་ཐེར་ཁྲོད་གནས་པའི་གནད་དོན་ཐག་གཅོད་པ་དང་། སྟོབས་ཤུགས་ཡོད་རྒུས་སྐོར་ཐེངས་གཉིས་པའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལག་བསྟར། སྐུལ་འདེད་གཉིས་རྒྱུན་འཁྱོངས་བྱེད་པ་དང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགའི་ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། གཏན་འཇགས་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། སྐོར་རིམ་གཉིས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། མཚོ་སྔོན་གྱི་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།