ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཁྲིད་སྟོན་འོག་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ།
2021.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 139

ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པར། ཏང་གི་ལོ་རྒྱུས་སྟེང་ཐེངས་དང་པོར་བསྡུས་པའི་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་སྟེང་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་ལག་ཆ་ཚང་བའི་སྒོ་ནས་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་སྐུལ་འདེད་གཏོང་བའི་དགོངས་དོན་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ལ་རྒྱས་བཤད་གནང་བ་དང་། དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ལག་བསྟར་ཇི་ལྟར་བྱེད་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་པོ་བཏབ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྱི་གཞི་རྩའི་བསྲུང་བྱ་དང་སྦྱོར་བའི་ཕྱོགས་སྟོན་དུ་གྱུར། ལོ་གཅིག་རིང་ལ། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྣམ་པ་གསར་པ་ཟམ་མི་ཆད་པར་བསྐྲུན།

ཁྲིམས་སྐྱོང་ལས་དོན་དར་ན་རྒྱལ་ཁབ་དར།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐོང་ཆེན་བླ་མེད་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས་སྐུལ་འདེད་ནུས་ལྡན་བཏང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གསོན་ཉམས་ལྡན་པའི་ཁྲོད། ནང་དོན་ཕུན་སུམ་ཚོགས་ལ་ཚན་རིག་དང་མཐུན་པའི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཆ་ཚང་གྲུབ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཁྲིད་སྟོན་འོག་ཏུ། གཞི་ནས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་དོན་དེ་མི་དམངས་ཀྱི་རེ་སྒུག་དང་མཐུན་པར་གྱུར་ནས། གཞི་འཛིན་སའི་ཁྲིམས་ཡོད་པ་ནས་ཁྲིམས་བཟང་སྐྱོང་མཁས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཁྲིད་སྟོན་འོག་ཏུ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་འཆར་འགོད་ཅེས་པ་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ལག་བསྟར་རྩ་འཛིན། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ལག་བསྟར་རྩ་འཛིན་བཅས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ནས། མ་འོངས་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་འཆར་འགོད་གསལ་བོ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།