རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་གདེང་འཇོག་གང་ལེགས་བྱས།
2021.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ཕ་ཁི་སི་ཐན་གྱི་ཕང་ཀྲེ་ཕུའུ་ཞིང་ཆེན་དུ་གནས་པའི་ཁ་ལའོ་ཐི་ཆུ་གློག་ས་ཚིགས་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་དཔལ་འབྱོར་བར་ཁྱམས་ཀྱི་སྔོན་ལ་ལག་བསྟར་བྱེད་དགོས་པའི་ནུས་ཁུངས་མཉམ་ལས་ལས་གཞི་ཞིག་ཡིན། ཚེས་ཉི་ཤུ་ཉིན། ཁ་ལའོ་ཐི་ཆུ་གློག་ས་ཚིགས་ཀྱི་རྐ་ལམ་ཕྱེས་ཏེ། ཆུ་མཛོད་ཀྱི་ཆུ་གསོག་མགོ་བརྩམས་ནས། ཉིས་སྟོང་ཉེར་གཉིས་ལོའི་ལོ་སྟོད་ལ་འཕྲུལ་ཆས་ཚན་ཁག་ཚང་མས་གློག་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས།

རྒྱལ་ཁབ་མང་པོའི་མི་སྣས་བསྟན་དོན། ལོ་ངོ་བརྒྱད་ལྷག་གི་རིང་ལ། གྲོས་འགོ་བཏོན་པ་ནས་ལག་ལེན་དུ་བསྟར་བའི་བར་དུ། རྒྱུད་གཅིག་ལམ་གཅིག་ལས་གཞིས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གང་མང་མཁོ་འདོན་བྱས་ཡོད་པས། དེང་སྐབས་ཀུན་གྱིས་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།