སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་པེ་ཅིང་དུ་གྲོལ།
2021.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21


ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་སྐབས། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་པ་གསར་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་གསལ་བོར་ཤེས་པར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་སྔོན་ཆད་ཇི་ལྟར་ལེགས་འགྲུབ་བྱུང་བ་གསལ་བོར་རྟོགས་པར་བྱེད་པ་དང་། མ་འོངས་པར་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་ལེགས་འགྲུབ་འབྱུང་བ་གསལ་བོར་ཤེས་དགོས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། གཏན་འཁེལ་གཉིས་ལ་ངོས་འཛིན་གསལ་བོ་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལ་སྤྱི་སྡོམ་བྱས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རླབས་ཆེན་ལག་ལེན་ལས་ཐོབ་པའི་ལོ་རྒྱུས་བསྡོམས་ཚིག་གལ་ཆེན་ཡིན་ལ། ཏང་ཡོངས་ཀྱི་ཐུན་མོང་གི་རེ་འདུན་མཚོན་པར་བྱེད་པ་དང་མི་དམངས་ཀྱི་ཐུན་མོང་གི་རེ་བ་མཚོན་པར་བྱེད་པའི་ཆབ་སྲིད་བརྡར་གཅོད་གལ་ཆེན་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་སྐུལ་སྤེལ་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། ལས་རིགས་སོ་སོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་ཚུལ་སྔར་ལས་ཇེ་མཐོར་གཏོང་དགོས། མི་དམངས་སྲིད་གྲོས་དེ་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ཁྱད་སྟོབས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བཟང་པོ་བྱེད་པ་དང་། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་གསལ་བོར་ཤེས་པར་བྱེད་དགོས་ལ། དམངས་གཙོའི་བྱེད་ཐབས་དང་གྲོས་སྡུར་གྱི་བྱེད་ཐབས། སྐྱོན་བརྗོད་ཀྱི་བྱེད་ཐབས། སློབ་གསོ་གཏོང་བའི་བྱེད་ཐབས་སྤྱད་དེ་བསམ་བློ་ངོས་ཟིན་གྱི་གནད་དོན་ཐག་གཅོད་བྱེད་མཁས་པར་བྱེད་པ་དང་། གྲོས་མོལ་བརྒྱུད་དེ་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་མཁས་པར་བྱས་ནས། ཀྲུང་ཧྭའི་བུ་དང་བུ་མོ་མཐུན་སྒྲིལ་བྱེད་པར་ཤུགས་སྣོན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།