ལིས་ཀྲན་ཧྲུའུ་ཡིས་སེ་ཕུའུ་ལུའུ་སིའི་གྲོས་དཔོན་ཏིས་མུས་ཐི་ལིས་ཝུའུ་དང་གྲོས་མོལ་མཛད།
2021.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 156


ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་བརྒྱུད་དེ་སེ་ཕུའུ་ལུའུ་སིའི་གྲོས་དཔོན་ཏིས་མུས་ཐི་ལིས་ཝུའུ་དང་གྲོས་མོལ་མཛད།

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་བརྒྱུད་དེ་སེ་ཕུའུ་ལུའུ་སིའི་གྲོས་དཔོན་ཏིས་མུས་ཐི་ལིས་ཝུའུ་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སེ་ཕུའུ་ལུའུ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཆབ་སྲིད་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པར་སྔར་ལས་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་མི་གཞུང་བརྗེ་རེས་ཇེ་མང་དུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འབྲེལ་འདྲིས་དང་འགྲོ་འོང་བྱེད་པའི་སྲོལ་རྒྱུན་བཟང་པོ་སྲུང་འཛིན་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བཟོད་སྒོམ་བརྗེད་ཐོའི་ནང་གཏན་འཁེལ་བྱས་པའི་མཉམ་ལས་སྤྱི་ཁོག་གི་རྨང་གཞིའི་སྟེང་། མཐོ་རིམ་འགྲོ་འོང་མུ་མཐུད་དུ་སྲུང་འཛིན་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་དང་མཛའ་མཐུན་ཚན་ཆུང་བར་གྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་བྱེད་པ། ཡང་ན་གཏན་འཁེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས། ཕན་ཚུན་བར་དུ་ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་ཚོགས་རའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་དགོས།

ཏིས་མུས་ཐི་ལིས་ཝུའུ་ཡིས་བཤད་དོན། སེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་ངེས་ཡིན། སེ་ཕུའུ་ལུའུ་སིའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།