ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་སྟེང་མིང་བཀོད་དེ《དངུལ་འཛིན་དུས་བཅད་ཟོང་ཚོང་གི་སྲིད་འཛིན་ཁྲིམས་བསྟར་དོ་བདག་པའི་ཁས་ལེན་ལམ་ལུགས་ཀྱི་ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་བྱས། 
2021.11.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་སྟེང་མིང་བཀོད་དེ། 《དངུལ་འཛིན་དུས་བཅད་ཟོང་ཚོང་གི་སྲིད་འཛིན་ཁྲིམས་བསྟར་དོ་བདག་པའི་ཁས་ལེན་ལམ་ལུགས་ཀྱི་ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་མཛད། 

ལག་བསྟར་བྱེད་ཐབས་དེའི་ནང་གཅིག་ནས་དངུལ་འཛིན་དུས་བཅད་ཟོང་ཚོང་གི་སྲིད་འཛིན་ཁྲིམས་བསྟར་དོ་བདག་པའི་ཁས་ལེན་ལམ་ལུགས་ཀྱི་ནང་དོན་དང་སྤྱོད་གོ་ཆོད་པའི་རྩ་དོན་གསལ་བོར་བསྟན་ཡོད། གཉིས་ནས་སྤྱོད་གོ་ཆོད་པའི་དངུལ་འཛིན་དུས་བཅད་ཟོང་ཚོང་གི་སྲིད་འཛིན་ཁྲིམས་བསྟར་དོ་བདག་པའི་ཁས་ལེན་གྱི་གཞི་རྩའི་ལས་རིམ་གཏན་འཁེལ་བྱས་ཡོད། གསུམ་ནས་སྤྱོད་གོ་མི་ཆོད་པའི་དངུལ་འཛིན་དུས་བཅད་ཟོང་ཚོང་གི་སྲིད་འཛིན་ཁྲིམས་བསྟར་དོ་བདག་པའི་ཁས་ལེན་གྱི་རྣམ་པ་གསལ་བོར་བསྟན་ཡོད། བཞི་ནས་ཁས་ལེན་མ་དངུལ་གྱི་བེད་སྤྱོད་དང་དོ་དམ་བྱེད་ཐབས་གསལ་བོར་བསྟན་ཡོད། ལྔ་ནས་ལྟ་རྟོག་དང་ཚོད་འཛིན་རྐྱེན་སྲོལ་གསལ་བོར་བསྟན་ནས་ཡིད་རྟོན་རྩ་དོན་དང་འགལ་བའི་དངུལ་འཛིན་དུས་བཅད་ཟོང་ཚོང་གི་སྲིད་འཛིན་ཁྲིམས་བསྟར་དོ་བདག་པར་དགོས་ངེས་ཀྱི་ཡིད་རྟོན་ཆད་གཅོད་བྱེད་ཐབས་ལག་བསྟར་བྱས་ཡོད། བྱེད་ཐབས་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།