ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2021.11.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འགན་དབང་རྩིས་ཁྲ་རྒྱུན་བཀོལ་དཀར་ཆག་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས། གྲོང་གསེབ་འཚོ་བའི་གད་སྙིགས་བཅོས་སྐྱོང་། མཐོ་སྒང་ལྗང་མདོག་སྐྱེ་ལྡན་སྔོ་ཚོད་ཐོན་ལས་དང་འདྲེ་ཚེར་མའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ལྟ་ཞིབ་དོ་དམ་ཁྲིམས་སྐྱོང་སོགས་དོན་དག་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོ་དང་ས་ཁུལ་གཙོ་བོ། ཁ་ཕྱོགས་གཙོ་བོའི་རྒྱལ་ཁབ་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། བློ་ཐག་རྦད་ཆོད་སྒོས་བདེ་འཇགས་འཕེལ་རྒྱས་ཚད་མཐའ་བརྟན་སྲུང་བྱེད་དགོས། ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་སྤེལ་བཏང་སྟེ་ཀྲུང་དབྱང་གི་བཅོས་སྒྱུར་སྣ་ཚོགས་ཀྱི་བཀོད་སྒྲིག་ལ་གཤིབ་བསྡུར་བྱེད་པ་དང་། རང་ཞིང་གི་འབྲེལ་ཡོད་བཅོས་སྒྱུར་ཇུས་གཞི་གནད་ལ་ཁེལ་ནས་གཏན་འབེབས་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་སྣ་ཚོགས་དོན་ཐོག་ཏུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་ཟབ་མོ་བྱེད་པ་དང་། ལངས་གནས་མཐོར་འདེགས་སུ་གཏོང་བ་དང་གཏན་གནས་ཇེ་བརྟན་དུ་གཏོང་དགོས་ལ། ཤུགས་འདོན་ས་གསར་བ་གཅིག་སྡུད་བྱེད་པ་དང་ཟུང་འབྲེལ་བྱེད་ས་གསར་བ་གསར་བཟོ་བྱེད་པའི་ཁྲོད་དུ་མཚོ་སྔོན་གྱིས་བྱས་རྗེས་འཇོག་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་གང་ལེགས་སྒོས་བརྗོད་དགོས། གྲངས་འཛིན་སྲིད་གཞུང་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སྲིད་དོན་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དྲ་ཐོག་གི་སྲིད་དོན་ཞབས་ཞུའི་ཕན་ནུས་ཇེ་ཆེར་གཏོང་དགོས་ལ། སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་དོ་དམ་ལ་ཤུགས་སྣོན་པ་དང་མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ནས། ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་བསྟན་དོན། འགན་དབང་རྩིས་ཁྲའི་ལམ་ལུགས་ལག་བསྟར་བྱེད་པ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་གལ་ཆེན་ཞིག་ཡིན། འགན་དབང་གཅིག་གྱུར་དང་སྲིད་བསྡུ་དབང་གཏོང་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ། ཞབས་ཞུ་ལེགས་སྒྱུར་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དབང་ཆ་དེ་ཁྲིམས་སྐྱོང་བྱ་བའི་ཁྲོད་དུ་འཁོར་སྐྱོད་བྱ་རྒྱུ་འགན་སྲུང་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཐོན་ཁུངས་སྐུལ་འདེད་འཁོར་རྒྱུག་ལ་རྐང་བཙུགས་ཏེ། ནུས་ཁུངས་བཀོལ་སྤྱོད་ཕན་འབྲས་དང་བསྐྱར་བཀོལ་ཐོན་ཁུངས་བདེ་སྤྱོད་ཕན་འབྲས་ཁྱོན་ཡོངས་་ནས་མཐོར་འདེགས་སུ་གཏོང་དགོས། གནས་བཞིའི་འཁོར་རྒྱུག་ལེགས་སྒྱུར་བྱེད་པར་དམིགས་ཏེ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་དཔལ་འབྱོར་མ་ལག་གསར་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། གྲོང་གསེབ་གད་སྙིགས་བཅོས་སྐྱོང་ནི་སྐྱེ་ཁམས་ཁོར་ཡུག་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པའི་ནང་དོན་གལ་ཆེན་ཡིན། གད་སྙིགས་བཅོས་སྐྱོང་བྱེད་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་དུ་བརྩི་བ་དང་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ནས། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཞན་ཆ་ཁ་གསབ་བྱེད་པ། རྐྱེན་སྲོལ་འཛུགས་པ། བཅོས་སྐྱོང་ནན་མོ་བྱེད་པ་པར་མ་ཟད། ཁྱོན་ཡོངས་ནས་ཞིབ་བཤེར་དང་གཅིག་བསྡུས་སྒོས་དག་ཐེར་བཅོས་སྐྱོང་བྱེད་པ་དང་། རྒྱུན་ཏུ་དོ་དམ་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། གཏེར་རྫས་ཐོན་ཁུངས་ཀྱི་རྩད་ཞིབ་གསར་སྤེལ་དོ་དམ་སྒྲིག་ལམ་སྲུང་སྐྱོབ་བཟང་བོ་བྱས་ཏེ། བསམ་བློའི་སྟེང་དུ་གཟབ་ནན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་དོ་དམ་ཁྲོད་དུ་གཟབ་ནན་གྱི་ཁྲིད་ཕྱོགས་ཆགས་པར་བྱེད་དགོས་ལ། ཁྲིམས་སྐྱོང་ཁྲོད་དུ་གཟབ་ནན་གྱི་ཚད་གཞི་མཚོན་པར་བྱེད་དགོས་པ་དང་། ཞིབ་བཤེར་དང་ཆོག་མཆན་འགོད་པ་དང་ལྟ་སྐུལ་དོ་དམ་མཉམ་འཛིན་བྱེད་པ་དང་སྔོན་འགོག་དང་ཞིབ་བཤེར་ཐག་གཅོད་ཟུང་འབྲེལ་བྱེད་པའི་བྱ་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

ཚོགས་ཐོག་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཆུའི་བདེ་འཇགས་འགན་སྲུང་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པ་དང་། ཚོང་དོན་འཕེལ་རྒྱས། རིག་གནས་དང་གནས་སྐོར་འཕེལ་རྒྱས་འཆར་འགོད་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།