དབྱང་ཧྥིན་ཁྲུན་གྱིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱས།
2022.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་དག་ཐེར་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་འཆར་འགོད་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ།   ཚད་ལྡན་དོ་དམ་ལ་ཤུགས་སྣོན་པ།   རྒྱུན་རྣམ་ཡུན་ཕན་ལ་དམིགས་པ་བཅས་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་བཟང་བོ་མངོན་འགྱུར་བྱེད་དགོས།

དབྱང་ཧྥིན་ཁྲུན་སྔ་གཞུག་ཏུ་རྐང་ཚ་རྫོང་བྱ་གླིང་སྲུང་སྐྱོབ་ཁུལ་སོགས་སུ་སོང་ནས་ཡུལ་སྐོར་ཁྲོམ་ར་དག་ཐེར་བཅོས་སྐྱོང་དང་སྐྱེ་ཁམས་སློར་གསོ།  ཁེ་ལས་བདེ་འཇགས་བདག་གཉེར་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས།   ཁོས་ནན་གྱིས་བསྟན་དོན།   ལངས་གནས་མཐོན་པོ་དང་ཚད་གཞི་མཐོན་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་།   གཏན་ལ་ཕབ་པའི་དག་ཐེར་བཅོས་སྐྱོང་ཇུས་གཞི་ལྟར་འབུར་ཐོན་གནད་དོན་ལ་དམ་པོར་དམིགས་པ་དང་ཕྱོགས་བསྡུས་ཁྲིམས་འཛིན་ལ་ཤུགས་སྣོན་པ།  དག་ཐེར་ལེགས་བཅོས་དམ་འཛིན་བྱས་ནས་མཚོ་སྐོར་ས་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱེད་དགོས།   རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སར་དམིགས་ཏེ་ཡུལ་སྐོར་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཚན་གཞི་ཅན་དང་ཚད་ལྡན་ཅན་གྱི་ཞབས་ཞུའི་སྤུད་ཚད་ཇེ་མཐོར་གཏོང་བ།   སྐྱེ་ཁམས་ལྟ་སྐོར་ཡུལ་སྐོར་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར།   སྐྱེ་ཁམས་ཉམས་ལེན་ཡུལ་སྐོར་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ་ཧུར་ཐག་གིས་ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས།   དམངས་ཕན་དམངས་ཕྱུག་བཅས་ཕན་ཚུན་རོགས་རེས་བྱེད་དགོས།   གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་པ་དང་།   མཚོ་བྱང་གི་དམར་པོའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ།   ལག་ཤེས་པའི་སྙིང་སྟོབས་ཀྱིས་རྡུལ་ཕྲན་མཁར་གྱི་དམར་པོའི་རིག་གནས་སྤུས་ལེགས་བཟོ་སྐྲུན་གསར་སྐྲུན་བྱེད་པ།  དམར་པོའི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར།  གྲོང་གསེབ་ཡུལ་སྐོར་སོགས་མཉམ་བསྲེས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་དགོས།   ནམ་ཡང་ལྷོད་གཡེང་མི་བྱེད་པའི་འདུ་ཤེས་བཅངས་ནས་ཐལ་ཆེ་བའི་གནམ་གཤིས་འགྱུར་ལྡོག་དང་ས་གཤིས་གནོད་འཚེར་དོ་ཁུར་བྱེད་བ་དང་ཟ་ཁང་དང་གཞུང་ལམ་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་པ།  འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ།   ཕྱོགས་སོ་སོའི་འགན་འཁྲི་ཇེ་ཞིབ་ཏུ་གཏོང་བ།   བདེ་འཇགས་ཐོན་སྐྱེད་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།