སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་བསྡུས།
2022.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལས་རིགས་སོ་སོའི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དུ། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རོལ་དབྱངས་ཚོགས་པའི་དུང་ཆུང་འབུད་མཁན་གྱིསསྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་དུང་བརྡབུས།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དུ། མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་བརྩམས་པ་དང་།  དམག་དཔུང་རོལ་དབྱངས་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་། ཚོགས་ར་ཡོངས་ཀྱི་མིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

རྒྱལ་གླུ་བླངས་ཚར་རྗེས། ཚོགས་ར་ཡོངས་ཀྱི་མི་རྣམས་གཟབ་ནན་གྱིས་འགྲེང་ནས་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་གི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས།

མྱ་ངན་ཞུས་རྗེས། ལག་ཏུ་མེ་ཏོག་འཁྱེར་བའི་ལོ་ཆུང་བྱིས་པ་རྣམས་ཀྱིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་ཕྱོགས་ནས་སྐད་གསང་མཐོན་པོས།《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་དབྱངས་བླངས་པར་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས།

རུ་སྟར་གྲུ་བཞི་མའི་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་དང་། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས། འཐབ་མོ་བ་རྒན་གྲས། བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་གཉེན་ཉེ། ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་གྲལ་ལེགས་པོར་བསྒྲིགས་ཡོད་ལ། མེ་ཏོག་སི་རའི་དར་ཐག་དམར་པོའི་སྟེང་དུ“མི་དམངས་ཀྱི་དཔའ་བོ་ཇི་སྲིད་བར་དུ་ནུབ་པ་མེད”ཅེས་པའི་གསེར་མདོག་གི་ཡིག་འབྲུ་ཆེན་པོ་བྲིས་ཡོད།

དམག་དཔུང་རོལ་དབྱངས་ཚོགས་པས་བརྩེ་སེམས་ཟབ་མོའི་སྒོ་ནས《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་བ་དང་། གུས་དམག་བཅོ་བརྒྱད་ཀྱིས་མེ་ཏོག་སི་ར་བརྟན་པོའི་ངང་བཀྱགས་ནས་གོམ་སྟབས་དལ་མོའི་ངང་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ཕྱོགས་སུ་བསྐྱོད་ནས། མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་སྟེགས་བུའི་སྟེང་བཞག

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དྲན་གསོའི་རྡོ་རིང་གི་སྟེགས་བུའི་སྟེང་ཕེབས་ནས་མེ་ཏོག་སི་རའི་མདུན་དུ་ལངས།

ཞི་ཅིན་ཕིང་གིས་མདུན་དུ་གོམ་པ་སྤོས་ནས་མེ་ཏོག་སི་རའི་དར་ཐག་ལེགས་སྒྲིག་ཞིབ་ཚགས་གནང་བ་དང་། དེའི་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་དལ་གྱིས་བསྐོར་ནས་གུས་མཇལ་གནང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པར་བརྟེན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ། ང་ཚོས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས། སྔར་ལས་འོད་སྟོང་ལྡན་པའི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་ཡིན།

ལོ་ཆུང་བྱིས་པ་དང་ལས་རིགས་ཁག་གི་འཐུས་མིའང་རིམ་པ་བཞིན་དྲན་གསོའི་རྡོ་རིང་གི་མདུན་དུ་བསྐྱོད་དེ། མེ་ཏོག་ཕུལ་བ་དང་དྲན་གསོའི་རྡོ་རིང་ལ་གུས་མཇལ་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཡིས་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་མགོ་འཛིན་བྱས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁག་གཅིག་བཅས་མཛད་སྒོར་ཞུགས།

ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཡོད་པའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་གཉེན་ཉེ་བཅས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་བྱས་རྗེས་མཚན་སྙན་ཐོབ་མཁན་གྱི་འཐུས་མི། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྟེང་བྱས་རྗེས་འབུར་ཐོན་བཞག་མྱོང་བའི་ཐུན་མོང་དང་མི་སྒེར་གྱི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།