ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློག་འཕྲིན་བཏང་ནསC919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ལ་རིགས་ཨང་ཚད་མཐུན་གྱི་དཔང་ཡིག་ཐོབ་པར་རྟེན་འབྲེལ་ཞུས།
2022.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དགུ་པའི་ཚེས་ཉེར་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློག་འཕྲིན་བཏང་ནསC919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ལ་རིགས་ཨང་ཚད་མཐུན་གྱི་དཔང་ཡིག་ཐོབ་པའི་ཐད་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནམ་གྲུ་ཆེ་གྲས་བཟོ་བའི་ཆེད་དོན་འགོ་ཁྲིད་ཚན་ཆུང་དང་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་ཟི། C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་བཟོ་བའི་ལས་གཞི་ཞིབ་འཇུག་དང་ཚོད་ལྟར་ཞུགས་པའི་ལས་ཁུངས་དང་བློ་མཐུན་ཡོངས་ལ་རྟེན་འབྲེལ་ཞུས།

C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ལ་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་རིགས་ཨང་ཚད་མཐུན་གྱི་དཔང་ཡིག་ཐོབ་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིསC919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་བཟོ་བའི་ལས་གཞིར་ཞུགས་པའི་ལས་ཁུངས་དང་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། བྱམས་བརྩེའི་ངང་འཚམས་འདྲི་བྱས།

C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ལ་རིགས་ཨང་ཚད་མཐུན་གྱི་དཔང་ཡིག་ཐོབ་པ་དེའི་སྟེང་ནས། རང་རྒྱལ་ལ་རྒྱལ་སྤྱིའི་ཐོག་སྤྱོད་རྒྱུར་འཚམ་པའི་ཚད་གཞིར་རན་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཞིབ་བཟོ་བྱེད་པའི་ནུས་པ་ལྡན་པ་མངོན་པར་མཚོན་ལ། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཡིན་པར་མ་ཟད། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། མི་རིགས་གོང་བུར་འགྲིལ་ཤུགས། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ནུས་པ་བཅས་ཇེ་ཆེར་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

བན་དེ་སྐྱབས་ཀྱིས་བསྒྱུར།