ཞི་ཅིན་ཕིང་གིས་ཀི་ལུའུ་ཅི་ཡཱའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.07.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 65

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ལ་མཇལ་འཕྲད་གནང་།


ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ཁྲིན་ཏུའུ་ནས་ཀྲུང་གོར་སྐབས་སོ་གཅིག་པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་ཁའི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ལི་ཡིས་ཀྲུང་གོ་དང་ཀི་ལུའུ་ཅི་ཡཱའི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་བར་བདག་གིས་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད།

ཀྲུང་གོ་དང་ཀི་ལུའུ་ཅི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་གཅིག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་མངོན་གསལ་ཡིན། ཀྲུང་གོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད། ཁྱེད་ཀྱིས་ཀྲུང་གོའི་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཀྲུང་གོ་དང་ཀི་ལུའུ་ཅི་ཡཱའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་མཉམ་དུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་དེ་མགོ་རྩོམ་ས་གསར་བར་བརྩིས་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་གོ་དང་ཀི་ལུའུ་ཅི་ཡཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བདེ་བླག་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་རང་རང་གི་འཕེལ་རྒྱས་དར་སྤེལ་ཐད་རོགས་འདེགས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཀི་ལུའུ་ཅི་ཡཱ་ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་སྲིད་ཏང་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་། འདྲ་མཉམ་ལྟ་སྟངས་འཛིན་པའི་གྲོགས་པོ་དང་སྤུན་ཟླ་བཟང་བོ་བྱེད་དགོས། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་བྱས་ཤིང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་དམངས་སེམས་གཅིག་སྦྲེལ་བྱེད་པར་ཡར་སྐུལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀི་ལུའུ་ཅི་ཡཱ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཨུ་ཡོན་ལྷན་ཁང་དང་རང་དབང་ཉོ་ཚོང་གྲོས་ཆོད་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ནས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཀི་ལུའུ་ཅི་ཡཱ་ཡིས་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཚད་ཇེ་ཆེར་གཏོང་བར་དགའ་བསུ་ཞུ་བ་དང་། ཀྲུང་གོའི་ཁེ་ལས་དག་ཀི་ལུའུ་ཅི་ཡཱ་རུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་མདུན་ལམ་ལས་དབང་ལ་དོ་སྣང་བྱེད་བཞིན་ཡོད། འཛམ་གླིང་ཡོངས་སུ་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོའི་མདུན་ནས། བདག་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་བཏོན་ཡོད་ལ། དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཞི་བདེ་དང་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀི་ལུའུ་ཅི་ཡཱ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ནས། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མཉམ་དུ་ཐག་གཅོད་བྱེད་པ་དང་། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས།

ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་བསྟན་དོན། ཀྲུང་གོར་ཡོང་ནས་ཁྲིན་ཏུའུ་ཡི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛས་སྒོར་ཞུགས་ཏེ་ཀྲུང་གོར་འཚམས་འདྲི་བྱེད་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། དེ་ནི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན་ཟེར། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཀི་ལུའུ་ཅི་ཡཱ་ལ་རྒྱབ་སྐྱོར་གང་ལེགས་བྱས་པ་དང་། ཀི་ལུའུ་ཅི་ཡཱའི་བདག་དབང་དང་རང་བཙན་ལ་བརྩི་འཇོག་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཀི་ལུའུ་ཅི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་བཞིན་ཡོད། ཀི་ལུའུ་ཅི་ཡཱ་ཡིས་ཀྲུང་གོའི་བར་གྱི་མཛའ་མཐུན་དང་མཉམ་ལས་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་ལ་རྒྱབ་སྐྱོར་བྱས་ཏེ་ཧུར་ཐག་སྒོས་དངོས་འབེབས་བྱེད་བཞིན་ཡོད། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕར་ཡོད་ལ། དེས་ཀི་ལུའུ་ཅི་ཡཱ་ཕྱོགས་ལ་གོ་སྐབས་སྔར་ལས་མང་བོ་བསྐྲུན་ཐུབ་པ་དང་། དེར་དོན་སྙིང་གལ་ཆེན་ལྡན། ཀི་ལུའུ་ཅི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཕན་བདེ་བསྐྲུན་པར་རེ་བཞིན་ཡོད་ཟེར།

ཚའེ་ཆི་དང་ཏིན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།

བསོད་ནམས་ཚེ་རིང་གིས་བསྒྱུར།