ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ་བློ་མཐུན་ལི་ཁེ་ཆང་ཉེ་ཆར་ཧྲང་ཧའེ་རུ་སྐུ་ངལ་གསོ་བཞིན་ཡོད་ལ། 2023ལོའི་ཟླ10པའི་ཚེས26ཉིན་གློ་བུར་དུ་སྙིང་ནད་ཕོག་པའི་དབང་གིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཟླ10པའི་ཚེས27ཉིན་གྱི་ཆུ་ཚོད་ཐིག་དང་སྐར་མ་བཅུའི་སྟེང་དུ་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། དགུང་ལོ68རེད།(འདས་བརྡ་རྗེས་ནས་གཏོང་རྒྱུ།)
བན་དེ་སྐྱབས་ཀྱིས་བསྒྱུར།