མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་རྒྱས་འཛོམས་གྲོས་ཚོགས་དང་ཟླ་ཟུང་བཀོད་གཏོང་གྲོས་ཚོགས་ཐེངས་གསུམ་པ་ཟླ11པའི་ཚེས7ཉིན་བསྡུས། གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་དང་རེ་བ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་པ་དང་། དུས་ཚིགས་གསུམ་པའི་དཔྱད་འཇོག་གནས་ཚུལ་སྙན་ཞུ་བྱས་པར་མ་ཟད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ནས། བྱ་བ་གཙོ་བོ་བཀོད་གཏོང་བྱེད་པ་དང་ཕྱོགས་ཡོངས་ནས་ཆད་ལྷག་རྩད་ཞིབ་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བ་མྱུར་མོར་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད་པ་དང་། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ལོ་མཇུག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་རྒྱུ་ཡིན་ཞིང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དང་པོ་བཅུ་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བྱ་བ་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི་བྱ་བའི་རེ་བ་གཞིར་བཟུང་སྟེ། རིག་པ་སྒྲིམ་པ་དང་འགན་འཁྲི་དངོས་འབེབས་བྱེད་པ། བྱ་བའི་བྱེད་ཐབས་ཞིབ་ཚགས་བྱས་ནས། རྒྱུན་ཆད་མེད་པར་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས། སྤྱི་བའི་བདེ་འཇགས་བཅས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉམ་ཞན་གྱི་ལས་རིམ་ཡང་དག་པར་འཚོལ་བ་དང་། གནད་དོན་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ཏེ། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། སེམས་ཤུགས་བཏོན་ནས་འཕྲིན་བཅར་དོགས་ཡོད་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་དང་། ཤུགས་ཆེན་པོས་རྣམ་པ་གསར་བའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་ཆམ་ཕབ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་རྟོག་དོ་དམ་འགོག་སྲུང་མ་མཐའི་ཚད་ཐིག་བརྟན་པོར་འཛུགས་དགོས། ཕྱོགས་ཡོངས་ནས་ལས་འགན་དངོས་འབེབས་བྱེད་པ་དང་སྙན་ཞུ་སྦྲེལ་མཐུད་གང་ལེགས་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཞི་རིམ་དུ་སོང་ནས་ལྟ་རྟོག་ཁྲིད་སྟོན་དང་ཡང་བསྐྱར་ཞིབ་བཤེར་བྱེད་པ། ལེགས་བཅོས་བྱས་ཚར་ཡང་འགྱུར་ལྡོག་འབྱུང་སླ་བའི་གནད་དོན་ལེགས་སྒྲིག་བྱས་ནས། བྱ་བའི་བཀོད་གཏོང་དང་རྩད་ཞིབ་བྱེད་པ། ཤུགས་ཆེན་པོས་མཁྲེགས་གཏོར་བྱ་བ་དམ་འཛིན་སྒོས་དམིགས་ཚད་སོ་སོ་གཏན་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས། བྱ་བ་གཙོ་བོ་དམ་འཛིན་དང་འབུར་ཐོན་གནད་དོན་འཕྲལ་དུ་སྒྲུབ་པའི་གྲ་སྒྲིག་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་འགལ་བ་དང་རྩོད་གླེང་རྩད་ཞིབ་ཐག་གཅོད་བྱེད་པ། ཁྲིམས་འགལ་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ། སྤྱི་བའི་བདེ་འཇགས་འགོག་སྲུང་གི་མཐའ་ཚད་ཇེ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་པོར་བཙུགས་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་དང་ཡུན་རིང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས། མི་བཀོལ་བྱེད་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ་དང་། ལས་ཡུལ་དང་པོའི་ལས་བྱེད་པར་གསལ་འབྱེད་དང་ཞིབ་བཤེར་བྱེད་པར་དོ་སྣང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་པའི་ཁག་ཁུར་ནུས་པ་དང་ལས་སྒྲུབ་ལས་སྐྲུན་ལ་སྐུལ་སྤེལ་བྱས་ཐོག བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོར་འདེགས་བྱེད་པར་རྩ་འཛུགས་ཁག་ཐེག་འདོན་སྤྲོད་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྱིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དུས་ཚིགས་ཀྱི་དཔྱད་འཇོག་གནས་ཚུལ་སྙན་ཞུ་བྱས། ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་དབྱང་དང་ཀྲའོ་ཡུའེ་ཞཱ། ཝང་ལིན་ཧུའུ། པད་ཁོ། ཀྲུའུ་ཞང་ཧྥུན། ལོའུ་ཀང་། ལིས་ཧུང་ཡཱ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།