ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས་པ་དང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
2023.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ11པའི་ཚེས8ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱས་པར་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་སྦྱོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་གི་དངུལ་རྩའི་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་བརྗོད་གཞི་འདི་དམ་པོར་འཛིན་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ། ཚན་རྩལ་དངུལ་རྩ་དང་ལྷད་མེད་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གཞི་གྲངས་དངུལ་རྩ་སོགས་བརྗོད་དོན་ལྔ་ལེགས་པར་སྒྲུབ་ནས་དངུལ་རྩའི་ཉེན་ཁར་འགོག་ཟོན་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས།  དམངས་ཚིས་འགན་སྲུང་བཅས་ལ་སྔར་ལས་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཁོངས་མིར་གྲོས་མོལ་གནང་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བར་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། བྱ་བ་གཙོ་བོར་འཆར་འགོད་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྤུས་ཚད་མཐོན་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་མི་རིགས་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ནམ་ཡང་རྒྱབ་སྐྱོར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ནང་འདྲེན་འགྲེམ་སྟོན་ཚོགས་ཆེན་ཐེངས་དྲུག་པ་དང་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་དང་པོ། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར70ལོན་པར་བསྐུར་བའི་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སོགས་རྒྱལ་ཁབ་རིམ་པའི་འགྲེམ་སྟོན་སྟེགས་བུ་བེད་སྤྱོད་བཟང་བོ་བྱས་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་དུ་བསྐྱེད་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ནས་ཟླ10པའི་ཚེས20ཉིན་དང་ཟླ11པའི་ཚེས3ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆད་གཅོད་དོན་ཚན་དང་དངུལ་ཆད་ཚད་གཞི་སྔར་ལས་ཚད་ལྡན་དུ་གཏོང་བ་དང་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། གོ་རིམ་ཧྲིལ་བོའི་རྗེས་འདེད་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། དབང་པོ་ཞབས་འདེབས་སུ་འབུལ་བ་དང་སྤོར་སྲིང་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཁོ་ནར་ཡོད་པའི་མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ལ་བརྟེན་ནས་ཐོན་ཁུངས་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། ཐོན་ཁུངས་ལ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཉེ་བའི་དུས་སྐབས་སུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཁེ་ལས། མཐོ་རིམ་སློབ་གྲྭ་སོགས་ལ་ཐུག་འཕྲད་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། འབྲེལ་འདྲིས་དང་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་ལྟ་སྐུལ་མཛུབ་སྟོན་ཇེ་དྲག་ཏུ་བཏང་ནས་ཐུག་འཕྲད་དོན་ཚན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ནས་ཤེས་བྱའི་བདག་དབང་དང་སྤུས་ལྡན་ཞིང་ཆེན། ཤར་ནུབ་ཕྱོགས་ཀྱི་མཐུན་སྦྱོར་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གིས་མ་དངུལ་གཏོང་བའི་ལས་གཞི་རིགས་དབྱེ་དོ་དམ་སྐོར་གྱི་བསམ་འཆར་དང་གསར་སྤེལ་ས་ཁུལ་གྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིབ་ཟབ་ཏུ་བཏང་ནས་གསར་སྤེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ། 2023ལོ་ནས2030ལོའི་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་གྱི་བཅོས་སྒྱུར་འགུལ་སྐྱོད་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

མི་ཕམ་མགོན་པོས་བསྒྱུར།