ཟླ11པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་པོའི་རྒྱལ་ཁབ་རང་བཙན་བྱས་ནས་ལོ70འཁོར་བའི་ཐད། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧ་མོ་ཉི་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཁམ་ཕུ་ཁྲེ་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གནས་ཚུལ་དངོས་དང་འཚམ་པའི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཁྲོད་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་བླངས་ཡོད། སྲོལ་རྒྱུན་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས། ཁམ་ཕུ་ཁྲེ་ཡི་བརྟན་ལྷིང་ལ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད། དམངས་ཚིས་ལེགས་བཅོས་བཅས་ལ་སྔར་སྲོལ་བཞིན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་བར་འབྲེལ་བ་བཙུགས་ནས་ལོ65འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་ལོའང་ཡིན་པས། ང་ཚོས་པེ་ཅིང་དང་ཧང་ཀྲོའུ་རུ་བྱམས་བརྩེའི་ངང་ཐུག་འཕྲད་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་འཆར་གཞི་བཀོད་ཡོད། ངས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་པོ་ཞི་ཧ་མུའུ་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་འཐབ་ཇུས་སྣེ་ཁྲིད་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་བའི་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས།
ཉིན་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སིན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
བན་དེ་སྐྱབས་ཀྱིས་བསྒྱུར།