ཟླ11པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་པེ་ཅིང་དུ། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་ཏན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་ལ་བཀོད་སྒྲིག་བྱས།
ཏེན་ཞུའེ་ཞང་གིས་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་ནི་དམངས་ཚིས་དང་དམངས་སེམས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་ནུས་ཁུངས་མཁོ་འདོན་བྱེད་ནུས་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། ཐོན་ཁུངས་གསོག་འཇོག་སྔར་ལས་འཐུས་ཚང་དུ་ཕྱིན་ལ། དམངས་ཚིས་ཐད་སྤྱོད་པའི་ནུས་ཁུངས་འགན་ལེན་བྱེད་ཤུགས་མངོན་སུམ་གྱིས་ཆེ་རུ་ཕྱིན་པ་དང་། དྲོད་སྲུང་མཁོ་འདོན་འགན་ལེན་ཡོང་བར་རྨང་གཞི་ཅུང་ཡག་པོ་བཏིངས་ཡོད། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་སྔར་ལས་གཅིག་གྱུར་ཡོང་བར་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་རྒྱུ་དང་། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་བཅངས་ནས། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་དྲོད་སྲུང་མཁོ་འདོན་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས་ཞེས་བསྟན།
ཏེན་ཞུའེ་ཞང་གིས་རྡོ་སོལ་དང་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་མཁོ་འདོན་དམ་འཛིན་ཡག་པོ་བྱས་ནས། ཁེ་ལས་ཀྱི་ཐོན་འཕར་མཁོ་འདོན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ། ཐོན་ཁུངས་ནང་འདྲེན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ནུས་ཁུངས་མཁོ་འདོན་འགན་ལེན་གྱི་གཞི་རྩ་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གསོག་འཇོག་ཐོན་ཁུངས་སྙོམ་སྒྲིག་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྡོ་སོལ་གསོག་འཇོག་རྟེན་གཞིའི་གསོག་འཇོག་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས་པ་དང་། རྡོ་སོལ་གསོག་འཇོག་བྱེད་ཚད་ཅུང་ཉུང་བའི་གློག་ཁང་ལ་དམིགས་ནས་རྡོ་སོལ་གསོག་འཇོག་བྱེད་ཚད་ཇེ་མང་དུ་གཏོང་རྒྱུ་དམ་འཛིན་བྱེད་དགོས་པ་དང་། རང་བྱུང་སོལ་རླངས་གསོག་འཇོག་བྱ་བ་ཏན་ཏིག་ངང་སྒྲུབ་དགོས། ནུས་ཁུངས་བདེ་འཇགས་དང་བརྟན་ལྷིང་ངང་མཁོ་འདོན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཧི་པེ་དང་ཧེ་ལུང་ཅང་། ཡུན་ནན་བཅས་ཞིང་ཆེན་གསུམ་གྱི་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།