ཟླ1ཚེས17ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེའི་ནང་བརྙན་ལམ་བརྒྱུད་ནས་ཏོ་སྨི་ནི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་ཕ་ཆེ་ཁི་དང་གྲོས་མོལ་མཛད།
ཀྲའོ་ལི་ཅི་ཡིས་བསྟན་དོན། 2018ལོའི་ཟླ5པར་ཀྲུང་གོ་དང་ཏོ་སྨི་ནི་ཁའི་བར་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་བྱུང་འགོ་བརྩམས་ཡོད། ལོ5ལྷག་གི་རིང་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་འབྲེལ་འདྲིས་དམ་ཟབ་བྱས་ནས་ཀྲུང་གོ་དང་ཏོ་སྨི་ནི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་མཛུབ་སྟོན་གྱི་ཁ་ཕྱོགས་དང་འཆར་གཞི་བཀོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཟམ་མ་ཆད་པར་ཆེ་རུ་སོང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ལ། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་བརྗེ་རེས་བྱེད་ཚད་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་དེ་དམངས་སེམས་ཀྱི་གཏད་ཕྱོགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ར་སྤྲོད་གང་ལེགས་བྱས་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པར་བསྟོད་བསྔགས་བྱེད་བཞིན་ཡོད། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་འགྱུར་མེད་རྣམ་འགྱུར་ལ་འགྱུར་ལྡོག་འབྱུང་མི་སྲིད། ཀྲུང་གོ་དང་ཏོ་སྨི་ནི་ཁ་ནི་ཐུན་མོང་འཕེལ་རྒྱས་ཀྱི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཕན་གྱི་ཟླ་གྲོགས་བཟང་པོ་ཡིན། ཕྱོགས་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཀྲུང་གོས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ལ་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་དང་དགོས་མཁོ་མགྱོགས་མྱུར་ངང་སྦྲེལ་མཐུད་བྱས་ནས་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་བོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཏོ་སྨི་ནི་ཁའི་གྲོས་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་མཉམ་དུ་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་རམ་འདེགས་བྱེད་པ། འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་མཛའ་མཐུན་འགྲོ་འོང་ཟབ་སྤེལ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་མཐོ་རིམ་འབྲེལ་བ་ཇེ་དམ་དུ་གཏོང་བ། ཆེད་དོན་ཨུ་ཡོན་ལྷན་ཁང་དང་མཛའ་མཐུན་ཚོ་ཆུང་། དམངས་ཆེན་འཐུས་མི། དམངས་གྲོས་ཁང་གི་གྲོས་མི་བཅས་བར་གྱི་བརྗེ་རེས་དང་འགྲོ་འོང་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་བར་གྱི་ཡིད་ཆེས་དང་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་བརྟན་དུ་སྲ་བརྟན་དུ་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མཛད། ཁོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁ་དང་བཅས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་བརྗེ་རེས་བྱེད་པ་དང་། ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་ཆབ་སྲིད་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུང་།
ཕ་ཆེ་ཁི་ཡིས་བསྟན་དོན། ཏོ་སྨི་ནི་ཁ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད། ཀྲུང་གོའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་རྒྱུ་ནི་ཏོ་སྨི་ནི་ཁའི་ཏང་ཁག་སོ་སོའི་ཐུན་མོང་གི་ངོས་འཛིན་ཞིག་ཡིན། ངས་ཐེངས་འདིར་ཏང་ཁག་སོ་སོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དངོས་སུ་མྱོང་ཚོར་བྱས་པ་དང་། ཏོ་སྨི་ནི་ཁ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་དེ་ཏོ་སྨི་ནི་ཁའི་མི་དམངས་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་ཟེར།