མཚོ་བྱང་ཁུལ་གྱི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི20དང་སྲིད་གྲོས་ཨུ་ཡོན10ཞིང་ཆེན་གྱི་ཚོགས་ཆེན་གཉིས་ལ་ཞུགས་པ།
2024.01.23 ཁུངས། ཀློག་གྲངས། 60

དམངས་འཚོར་བདེ་སྐྱིད་བསྐྲུན་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གླེང་།     ཟླ1པོའི་ཚེས22ཉིན་ཏེ། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”འཚོག་ལ་ཉེ་བའི་སྐབས་སུ་མཚོ་བྱང་ཁུལ་གྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམསགཅིག་རྗེས་གཉིས་མཐུད་ངང་ཟི་ལིང་དུ་ཕེབས་ནས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་ལ། མ་འོངས་པའི་ཉིན་འགའི་ནང་ཁོ་ཚོས་ཚོགས་ཆེན་གྱི་གྲོས་རིམ་གཞིར་བཟུང་རང་འགན་གཙང་སྒྲུབ་དང་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་གྲོས་བསྡུར་བྱས་ནས་མཚོ་སྔོན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པའི་འཆར་འགོད་གསར་པ་དང་འདུན་པ་གསར་པར་མཉམ་དུ་འཆར་འགོད་བྱ་རྒྱུ་རེད།

འབྱོར་ཐོ་འགོད་ཡུལ་དུ་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་སྙིང་སྟོབས་རབ་ཏུ་འཕེལ་ནས་གོ་རིམ་ལྡན་པའི་སྒོ་ནས་རང་སོ་སོའི་ཚོགས་པའི་བཅའ་སྡོད་བྱ་ཡུལ་དུ་བསྐྱོད་དེ་ཚོགས་ཞུགས་ལག་ཁྱེར་དང་ཚོགས་འདུའི་ཡིག་ཆ་ལེན་བཞིན་ཡོད་ཅིང་། འབྱོར་ཐོ་འགོད་པའི་གོ་རིམ་སྒྲུབ་རྗེས། ཚང་མས་ཚོགས་ཞུགས་ལག་ཁྱེར་བཏགས་ནས་ཚོགས་འདུའི་ཡིག་ཆར་ལྟ་ཀློག་བྱེད་པ་དང་ཚོགས་འདུའི་གྲོས་རིམ་དང་འབྲེལ་ཡོད་བཀོད་སྒྲིག་ལ་རྒྱུས་ལོན་བྱས་པར་མ་ཟད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ། རང་ཉིད་ཀྱི་དོ་ཁུར་བྱ་ཡུལ་གཙོ་བོ་བཅས་ཕན་ཚུན་བརྗེ་རེས་དང་བསྡུ་རུབ་བྱས་ཏེ་འཚོག་ལ་ཉེ་བའི་ཚོགས་ཆེན་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ལེགས་པར་འཚོག་ཆེད། མཚོ་བྱང་ཁུལ་གྱི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི20དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན10ཡིས་རང་ངོས་ཀྱི་ལེགས་ཆར་དམིགས་ཏེ་ཁུལ་ཡོངས་ཀྱི་མཁར་གྲོང་དང་རོང་འབྲོག་ཁུལ། བཟོ་གཏེར་ཁེ་ལས། ས་གནས་སོ་སོའི་འཐབ་ཕྱོགས་སོ་སོ་ནས་རྒྱ་ཁྱབ་གཏིང་ཟབ་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་དམངས་ཀྱི་བསམ་འདུན་རྒྱུས་ལོན་ཧུར་ཐག་བྱས་ཏེ་འཐུས་མིའི་གྲོས་གཞི་དང་ཨུ་ཡོན་གྱི་གྲོས་གཞིར་གྲ་སྒྲིག་ནན་ཏན་བྱས་ཡོད། འཐུས་མི་དང་ཨུ་ཡོན་ཚོས་ཚོགས་ཆེན་འཚོག་པའི་རིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་དཀའ་གནད་ཀྱི་གནད་དོན་ལ་དམིགས་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། དམངས་ཀྱི་རེ་འབོད་བརྒྱུད་སྤྲོད་བྱེད་པ། དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ་བཅས་བྱ་རྒྱུ་ཡིན་ལ། མངག་བཅོལ་གལ་ཆེན་སྟོང་ཟད་དུ་གཏན་ནས་མི་གཏོང་བར་ལས་འགན་ལ་ངོ་མི་གནོང་བ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་སེམས་ནུས་ཡོད་རྒུ་ཚོགས་ཆེན་གྱི་གྲོས་རིམ་སོ་སོའི་ནང་བཏོན་ནས་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུ་ཡིན་པར་བཤད་པ་རེད།

རྣམ་པ་གསར་པ། སྐད་སྒྲ་གསར་པ། སྣང་བརྙན་གསར་པ། ད་ལོར་མཚོ་བྱང་ཁུལ་གྱི་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ལ་ཞུགས་མཁན་འཐུས་མི་གསར་པ་དང་ཨུ་ཡོན་གསར་པ་མི་ཉུང་བ་ཞིག་ཡོད་ལ། ཁོ་ཚོས་སློབ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ནུས་ཤུགས་ཡོད་རྒུས་འགན་འཁྲི་བསྒྲུབས་ནས་གཞི་རིམ་གྱི་སྐད་སྒྲ་དང་མང་ཚོགས་དེ་བས་མང་བའི་རེ་འབོད“ཚོགས་ཆེན་གཉིས”ཐོག་བརྒྱུད་སྤྲོད་བྱས་ཏེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་དམངས་ཕན་གྱི་བསམ་ཕྱོགས་གསར་པ་གཞི་རིམ་དུ་ཁྱེར་ནས་རྒྱ་ཆེའི་མི་དམངས་ཀྱི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་གཏོད་ཆེད་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བཤད།