ཉིན་འགའི་སྔོན་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་བཀོད་དེ། གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དོན་ཁྲིམས་འཛུགས་བྱ་བའི་སྲོལ་ཡིག》ཁྱབ་སྒྲོག་བྱས་པ་དང་། 2024ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱེད་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། དུས་རབས་གསར་པའི་དམག་དོན་ཁྲིམས་འཛུགས་བྱ་བའི་ལག་ལེན་ཉམས་མྱོང་སྤྱི་སྡོམ་ནན་མོ་བྱེད་པ། གསར་དུ་བཟོ་བཅོས་བརྒྱབ་པའི་ཁྲིམས་འཛུགས་བཅའ་ཁྲིམས་གཞིར་བཟུང་ནས། དམག་དོན་ཁྲིམས་འཛུགས་ལས་དོན་ལམ་ལུགས་དང་ལམ་སྲོལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད་པས། དམག་དོན་ཁྲིམས་འཛུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་དོན་སྙིང་ཆེན་པོ་ལྡན།
གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ་བཅུ་གསུམ་དང་བྱེ་བྲག་གི་ནང་དོན་གྱ་ལྔ་ཡོད་ཅིང་། དེས་དམག་དོན་ཁྲིམས་འཛུགས་བྱ་བའི་མཛུབ་སྟོན་དགོངས་པ་དང་གཞི་རྩའི་རྩ་དོན་ཁ་གསལ་བཟོས་ཡོད་པ་དང་། དམག་དོན་ཁྲིམས་སྲོལ་དང་དམག་དོན་སྒྲིག་སྲོལ་གཏན་འབེབས་བྱེད་པའི་དབང་ཚད་གཏན་འབེབས་བྱས་ཡོད་ལ། དམག་དོན་ཁྲིམས་སྲོལ་དང་དམག་དོན་སྒྲིག་སྲོལ་གྱི་འཆར་འགོད་དང་འཆར་གཞི། རྣམ་གྲངས་འཛུགས་པ། མ་ཟིན་འབྲི་བ། སྙན་ཞུ་འབུལ་བ། ཞིབ་བཤེར་བྱེད་པ། གཏན་འབེབས་དང་ཁྱབ་སྒྲོག་བྱེད་པ། ཐོ་འགོད་སྙན་ཞུ་འབུལ་བ། བཟོ་བཅོས་དང་རྩིས་མེད་དུ་གཏོང་བ་སོགས་ཀྱི་གོ་རིམ་ཞིབ་ཅིང་ཕྲ་བ་ཚད་ལྡན་ཅན་དུ་བཏང་ཡོད་པར་མ་ཟད། ཐོ་འགོད་ཞིབ་བཤེར་དང་གཙང་བཤེར་ཕྱོགས་སྒྲིག ཉེར་སྤྱོད་དང་འགྲེལ་བཤད། སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་འབྲེལ་ཡོད་ལམ་ལུགས་སྔར་ལས་ཚད་ལྡན་དུ་བཏང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།