ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་བསྡུ་རུབ་མཁན་གྱི་གྲོས་ཚོགས་བསྡུས།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ1ཚེས22ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་བསྡུ་རུབ་མཁན་གྱི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་ནས་ཚན་ཆུང་བསྡུ་རུབ་མཁན་གྱིས་གྲོས་ཚོགས་སྐབས་སུ་འགན་སྒྲུབ་འགན་བསྟར་བྱེད་པ་དང་། བསྡུ་རུབ་དང་གྲོས་མོལ་སྲིད་གླེང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན། ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་ཡིས་མགོ་འཛིན་བྱས།

ཝང་ཀྲིན་ཁྲང་གིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོར་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཚན་ཆུང་བསྡུ་རུབ་མཁན་གྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ནས་ཆབ་སྲིད་ཀྱི་འདུ་ཤེས་དྲག་པོས་ཨུ་ཡོན་ཡོངས་དང་ཟུར་ཞུགས་མི་སྣའི་སྣེ་ཁྲིད་ནས་གྲོས་ཚོགས་ཀྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཡང་དག་བྱས་ནས་གྲོས་ཚོགས་ཀྱི་གྲོས་རིམ་སོ་སོ་བདེ་ལེགས་ངང་ལེགས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པ་དང་། ཁག་ཁུར་གྱི་འདུ་ཤེས་དྲག་པོས་བསྡུ་རུབ་མཁན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་བསྡུ་རུབ་མཁན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ། ཨུ་ཡོན་ཡོངས་དང་ཟུར་ཞུགས་མི་སྣར་རྩ་འཛུགས་སྣེ་ཁྲིད་བྱས་ནས་དུས་ཚོད་དང་བླང་བྱ་ལྟར། ནན་ནན་ཏན་ཏན་གྱིས་གྲོས་ཚོགས་ལ་ཞུགས་པ་དང་ནན་ནན་ཏན་ཏན་གྱིས་སྙན་ཞུ་ལ་ཉན་པ། རང་འགུལ་དང་ཧུར་ཐག་གིས་གཏམ་བཤད་པ། སྐད་ཆ་ངོ་མ་བཤད་འདོད་པ་དང་བསམ་འཆར་འདོན་ཐུབ་པའི་རྣམ་པ་བཟང་པོ་བསྐྲུན་དགོས་ལ། སྒྲིག་ལམ་གྱི་འདུ་ཤེས་དྲག་པོས་ཁོངས་མི་ཡོངས་ལ་རྩ་འཛུགས་སྣེ་ཁྲིད་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ལམ་དང་གྲོས་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་དང་། ནམ་ཡང་སྤྱོད་ཚུལ་བཟང་པོ་དང་བསམ་པའི་ཉམས་འགྱུར་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་འགན་ཁུར་བའི་འགན་འཁྲིའི་ཁག་ཁུར་དང་དངོས་གཉེར་ཞིབ་ཕྲའི་བྱ་བའི་སྤྱོད་ཚུལ་གྱིས་ཚོགས་ཆེན་སྐབས་ཀྱི་བྱ་བ་ཁག་སོ་སོའི་ལས་འགན་ལག་བསྟར་བྱས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། མདུན་སྐྱོད་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་བར་འབད་དགོས་ཟེར།

མི་ཕམ་མགོན་པོས་བསྒྱུར།