ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོའི་གྲོས་མོལ་ཚོགས་འདུ་བསྡུས།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ1ཚེས22ཉིན། ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོའི་གྲོས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་ཀྱི་འབྲེལ་ཡོད་མི་དོན་བཀོད་སྒྲིག་ཐད་ཀྱི་བསམ་ཚུལ་བསྡུ་ལེན་བྱས།

ཚོགས་འདུ་ལས་བསྟན་དོན། མི་འགྱངས་པར་འཚོགས་ལ་ཉེ་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་ལྟར་འབྲེལ་ཡོད་མི་སྣ་འདེམ་བསྐོ་བྱ་རྒྱུ་རེད། དམངས་གཙོའི་གྲོས་མོལ་ལ་ཤུགས་སྣོན་ཆེད། ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་མི་དོན་བཀོད་སྒྲིག་ཐད་གྲོས་མོལ་གང་ལེགས་བྱས་པ་དང་། དམངས་གཙོ་སྔར་ལས་དར་སྤེལ་བཏང་སྟེ། ཕྱོགས་གང་ཅིའི་ཐད་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་མདུན་སྐྱོད་བྱས་ནས། ཚོགས་ཆེན་བདེ་ལེགས་ངང་འཚོགས་པར་སྣང་ཚུལ་ལེགས་པོ་བསྐྲུན་པ་ཡིན།

གདན་ཞུས་ལྟར་ཚོགས་འདུར་ཞུགས་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཕྱིའི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་ཀྲུའུ་ཞི་གཞོན་པ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་ཀྱིས་བལྟས་ན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་མིང་བཏོན་པའི་འདེམ་སྒུག་པ་ནི་ཁྱོན་ཡོངས་ལ་བསམ་གཞིགས་བཏང་བ་དང་ཞིབ་འཇུག་ནན་མོ་བྱས་ཤིང་། བསམ་ཚུལ་མང་པོར་ཉན་པའི་རྨང་གཞིའི་སྟེང་ཐག་བཅད་པ་ཡིན་ལ། གདམ་མིའི་བྱང་ཚད་མཐོ་ལ་མང་ཚོགས་ཀྱིས་ཁས་ལེན་ཚད་མཐོ་བར་འདོད། ཚང་མས་མགྲིན་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་བཀོད་སྒྲིག་བསམ་ཚུལ་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་ཡོངས་སུ་མོས་མཐུན་བྱེད་པ་ཡིན་ཞེས་བསྟན།

ལྷ་མོ་འཚོས་བསྒྱུར།