ཞི་ཅིན་ཕིང་གིས་ཐི་པིན་ལ་གློག་འཕྲིན་བཏང་སྟེ་ཁོས་བསྟུད་མར་ཨར་ཅི་རི་ཡཱའི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུས།
2024.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9པའི་ཚེས11ཉིན། ཐི་པིན་ལ་གློག་འཕྲིན་བཏང་སྟེ། ཁོས་བསྟུད་མར་ཨར་ཅི་རི་ཡཱའི་དམངས་གཙོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨར་ཅི་རི་ཡཱའི་བར་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་མཉམ་དུ་སྣེ་ཁྲིད་བྱས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། བདག་གིས་ཀྲུང་གོ་དང་ཨར་ཅི་རི་ཡཱའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། ད་ལོའི་ཀྲུང་གོ་དང་ཨར་ཅི་རི་ཡཱའི་བར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ10འགོར་བ་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཨར་ཅི་རི་ཡཱའི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་ཀྱི་མདུན་ལྗོངས་གསར་བ་གསར་འབྱེད་བྱེད་འདོད་ཡོད་ཅེས་གསུངས།


བསོད་ནམས་ཚེ་རིང་གིས་བསྒྱུར།