ཏེན་ཞུའེ་ཞང་རྒྱུད་གཅིག་ལམ་གཅིག་ཤེས་བྱའི་བདག་དབང་གི་མཐོ་རིམ་གྲོས་ཚོགས་སྐབས་གསུམ་པར་ཞུགས་ནས་ཤིས་ཚིག་ཕུལ།
2024.09.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ9ཚེས11ཉིན། རྒྱུད་གཅིག་ལམ་གཅིག་ཤེས་བྱའི་བདག་དབང་གི་མཐོ་རིམ་གྲོས་ཚོགས་སྐབས་གསུམ་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གྲོས་ཚོགས་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཟླ9པའི་ཚེས11ཉིན། རྒྱུད་གཅིག་ལམ་གཅིག་ཤེས་བྱའི་བདག་དབང་གི་མཐོ་རིམ་གྲོས་ཚོགས་སྐབས་གསུམ་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གྲོས་ཚོགས་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་ཤེས་བྱའི་བདག་དབང་གི་མཉམ་ལས་ལ་ཤུགས་སྣོན་པར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་བྱའི་བདག་དབང་ལམ་ལུགས་ཀྱིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་བར་གྱི་ཤེས་བྱའི་བདག་དབང་གི་མཉམ་ལས་བྱ་བ་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད་པས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་ཤེས་བྱའི་བདག་དབང་གི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་དགོས།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ། འབད་པ་ཆེན་པོས་ཤེས་བྱའི་བདག་དབང་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ཤེས་བྱའི་བདག་དབང་གི་སྟོབས་ཤུགས་གང་མང་འདོན་སྤེལ་བྱེད་རྒྱུར་འཐད་པ་ཡིན། གཅིག་ནས་ལག་རྡང་མཉམ་སྦྲེལ་གྱིས་སྤུས་ཚད་མཐོ་བའི་ཤེས་བྱའི་བདག་དབང་གསར་སྐྲུན་བྱ་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་གཞི་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། གཞི་གྲངས་ཆ་འཕྲིན་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཤེས་བྱའི་བདག་དབང་གི་སྤུས་ཚད་ཞིབ་བཤེར་ནུས་ཕྱོད་ཇེ་མཐོར་བཏང་ནས། རྒྱུན་ཆད་མེད་པའི་ཚན་རྩལ་གྲུབ་འབྲས་ཀྱིས་སྔར་ལས་མང་བའི་ཤེས་བྱའི་བདག་དབང་གྲུབ་པར་སྐུལ་ཁྲིད་བྱེད་དགོས། གཉིས་ནས་ལག་རྡང་མཉམ་སྦྲེལ་གྱིས་ཆུ་ཚད་མཐོ་བའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱ་བ་ལག་བསྟར་བྱས་ཏེ། ཁྲིམས་ལྟར་རྣམ་པ་སྣ་ཚོགས་ཀྱི་སིམ་འཛུལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཁྱབ་རྒྱ་སྔར་ལས་ཆེ་བའི་ས་ཁམས་མཚོན་རྟགས་ཕན་ཚུན་ངོས་འཛིན་དང་སྲུང་རེས་བྱེད་པར་སྐུལ་འདེད་གཏོང་བ། གཞི་གྲངས་ཀྱིས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ། གློག་རྡུལ་ཚོང་ལས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱ་བ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གསར་གཏོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། གསུམ་ནས་ལག་རྡང་མཉམ་སྦྲེལ་གྱིས་ཕན་ནུས་མཐོ་བའི་ཤེས་བྱའི་བདག་དབང་འཁོར་སྐྱོད་ལ་སྐུལ་འདེད་བཏང་སྟེ། ཆེད་ཁེ་དང་ཚོང་རྟགས། ས་ཁམས་མཚོན་རྟགས། པར་དབང་སོགས་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱེད་པ་དང་། གསར་གཏོད་རྣམ་པའི་དཔལ་འབྱོར་དང་། ཚོང་རྟགས་དཔལ་འབྱོར། ཁུལ་ཁོངས་ཁྱད་ལྡན་དཔལ་འབྱོར། གསར་གཏོད་དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། བཞི་ནས་ལག་རྡང་མཉམ་སྦྲེལ་གྱིས་བྱེད་ནུས་མཐོ་བའི་ཤེས་བྱའི་བདག་དབང་གི་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཕྱོགས་མང་རིག་ལུགས་ངོ་མ་རྒྱུན་འཁྱོངས་དང་། འཛམ་གླིང་ཧྲིལ་བོའི་ཤེས་བྱའི་བདག་དབང་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུད་མཐུད་འཕེལ་རྒྱས་གྲོས་རིམ་ལ་སྐུལ་འདེད་དང་དེ་དངོས་འབེབས་བྱེད་པར་ཤེས་བྱའི་བདག་དབང་གིས་ཐོན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།

འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཏིན་ཧུང་སིན་སོགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

མཛད་སྒོ་མ་བསྡུས་སྔོན་དུ། ཏེན་ཞུའེ་ཞང་གིས་ཏིན་ཧུང་སིན་སོགས་ཕྱི་རྒྱལ་གྱི་མགྲོན་པོ་གལ་ཆེན་ལ་མཇལ་འཕྲད་གནང་། 

རྒྱུད་གཅིག་ལམ་གཅིག་ཤེས་བྱའི་བདག་དབང་གི་མཐོ་རིམ་གྲོས་ཚོགས་སྐབས་གསུམ་པས་སྒོ་འབྱེད་དང་། མཉམ་ལས། འཕེལ་རྒྱས། མཉམ་རྒྱལ་བཅས་བརྗོད་དོན་དུ་བཟུང་ཞིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་དང་། རྒྱལ་ཁབ་པར་དབང་ཅུའུ། ཚོང་དོན་པུའུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་མི་སྣ། ཆེད་ལས་མཁས་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་ཤེས་བྱའི་བདག་དབང་ལས་ཁུངས་ཀྱི་འཐུས་མི་སོགས་མི450ཙམ་གྲོས་ཚོགས་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།