ལིས་ཆང་གིས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་མཇལ་འཕྲད་གནང་། 
2024.09.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ས་གནས་དེའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལེ་ཡཱ་ཏིར་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ཏཱ་ཝེ་ལ་མཇལ་འཕྲད་གནང་།

ས་གནས་དེའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལེ་ཡཱ་ཏིར་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ཏཱ་ཝེ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། 2022ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་ཐོག་མ་བསྡུས་ཏེ། ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཀྱི་དངོས་གཉེར་མཉམ་ལས་འཕེལ་རྒྱས་ལ་མཉམ་དུ་འཆར་གཞི་གསར་པ་བཀོད།

ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་དག་དང་མཉམ་དུ་འབྲེལ་འདྲིས་མཐུན་སྦྱོར་ལ་སྔར་ལས་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྟེང་བཏོན་པའི་ཁྱབ་ཁོངས་གཙོ་བོ་ལྔའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།  ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་བར་གྱི་རང་མོས་ཉོ་ཚོང་ཆོད་དོན་གྱི་གྲོས་མོལ་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་སྟེ། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་བར་གྱི་འཐབ་ཇུས་གྲོས་མོལ་སོགས་ཀྱི་རྐྱེན་སྲོལ་ལ་བརྟེན་ནས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་ཇེ་དམ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

པུའུ་ཏཱ་ཝེ་ཡིས་བསྟན་དོན། མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་གང་ལེགས་བྱེད་པ་དང་། གྲོས་མོལ་མཉམ་ལས་ལ་ཤུགས་བསྣན་ནས། མཚོ་ཁུགས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་རང་མོས་ཉོ་ཚོང་ཆོད་དོན་ལ་གྲོས་འཆམ་འབྱུང་བར་རེ་བ་བྱེད་ཀྱིན་ཡོད། མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་སོགས་ཀྱི་གནད་དོན་ཐད་དྲང་བཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་ཚད་མེད་བྱེད་ཀྱིན་ཡོད་ཟེར།

ལྷ་མོ་འཚོས་བསྒྱུར།