ཟླ9པའི་ཚེས13ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་དངོས་གཞིའི་འཚམས་འདྲི་མཛད་ཚར་རྗེས། ཆེད་བཏང་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་ལོག
ཏིས་པའེ་དང་ཁ་འབྲལ་སྐབས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་ཀྲུང་གོའི་ལས་དོན་གྱི་ཆེད་མངག་ཕོ་ཉ་ཧཱ་ལེ་ཏོན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་དབྱེ་མེན་སོགས་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།