རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2024.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ9ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་གནང་།

ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གསུམ་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་གནང་། ཝང་ཧུའུ་ཉིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དབང་བོ་སྐྱོན་ཅན་པར་ཐུགས་ཁུར་བླ་ལྷག་དང་དོ་སྣང་ཚད་མེད་བྱས་ཤིང་། དབང་བོ་སྐྱོན་ཅན་པའི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་དང་དེར་བརྩི་འཇོག་བྱེད་པ། དབང་བོ་སྐྱོན་ཅན་པའི་སྤྱི་ཚོགས་འགན་སྲུང་དང་སྤྱི་བའི་ཞབས་ཞུར་ཤུགས་སྣོན་པ། དབང་བོ་སྐྱོན་ཅན་པའི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། དབང་བོ་སྐྱོན་ཅན་པའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབང་བོ་སྐྱོན་ཅན་པར་རོགས་རམ་ཡོད་པའི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་པོ་ཞིག་གྲུབ་པར་བཀོད་སྒྲིག་གལ་ཆེན་གནང་བ་དེས། རང་རྒྱལ་གྱི་དབང་བོ་སྐྱོན་ཅན་པའི་ལས་དོན་གྱིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལོན་པར་སྐུལ་འདེད་བཏང་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་བོ་སྐྱོན་ཅན་པའི་ལས་དོན་འཕེལ་རྒྱས་ཐད་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དབང་བོ་སྐྱོན་ཅན་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་ཞབས་ཞུའི་མ་ལག་ལ་སེམས་ཁུར་བྱེད་པའི་སྐོར་གྱི་ལས་འགན་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། གྲོས་མོལ་སྲིད་གླེང་གི་རྟོག་ཞིབ་ཧུར་ཐག་དང་ཐུན་མོང་གི་འདུ་ཤེས་གཅིག་ཏུ་བསྡུས་ནས། དབང་བོ་སྐྱོན་ཅན་པའི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཐབས་ཇུས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱ་ཆེའི་དབང་བོ་སྐྱོན་ཅན་པར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་དུ་འཇུག་རྒྱུ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དབང་བོ་སྐྱོན་ཅན་པའི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གནས་ཚུལ་གསར་པ་དང་གནས་དོན་གསར་པར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས་སྔར་ལས་ལྷག་པའི་ཁ་གཏད་རང་བཞིན་དྲག་ཅིང་དང་སྤྱོད་གོ་ཆོད་པའི་སྲིད་ཇུས་གྲོས་གཞི་འདོན་དགོས། དཔྱད་ཞིབ་གཟིགས་ཞིབ་དང་གྲོས་གཞི་འདོན་པ། དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་པ་སོགས་ཀྱི་དམངས་གཙོ་ལྟ་སྐུལ་གྱི་བྱེད་ཐབས་གང་མང་སྤྱད་པ་བརྒྱུད། དབང་བོ་སྐྱོན་ཅན་པར་སེམས་ཁུར་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་པར་རོགས་སྐུལ་བྱེད་དགོས། འགན་སྒྲུབ་དམངས་དོན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། དབང་བོ་སྐྱོན་ཅན་པར་དབུལ་སྐྱོར་དང་རོགས་རམ་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་ནས། དབང་བོ་སྐྱོན་ཅན་པའི་ལས་དོན་ལ་སྤྱི་ཚོགས་ཡོངས་ཀྱིས་རྒྱུས་ལོན་ཐུབ་ཅིང་། བརྩི་འཇོག་དང་སེམས་ཁུར། རྒྱབ་སྐྱོར་བྱེད་པའི་རྣམ་པ་ལེགས་པོ་ཞིག་གྲུབ་པར་བྱེད་དགོས། ཕྱི་ཕྱོགས་འབྲེལ་འདྲིས་བྱེད་པ་བརྒྱུད་ཀྲུང་གོའི་དབང་བོ་སྐྱོན་ཅན་པའི་གཏམ་རྒྱུད་ལེགས་པོར་འཆད་ནས། རང་རྒྱལ་གྱི་མི་དབང་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕྱི་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རོན་ཁྲིན་ཧྥ་དང་། ཀྲུའུ་ཞིན་ལིས། ཁྲིན་ཁའེ། དབྱང་དབྱང་། ལུང་མཱོ། ཝང་ཞིན་ཅུན། ཀྲང་ཞའོ་མེན། ཧྥན་ཧྥིན། ཝང་ཡུང་བཅས་དང་། ཆེད་མཁས་པ་ཡུས་ཝེ་ཅཱོ་བཅས་ཀྱིས་གཏམ་བཤད། ཚང་མས་གཅིག་གྱུར་གྱིས་འདོད་དོན། རྩེ་རིམ་ལམ་ལུགས་ཀྱི་ཇུས་འགོད་ལ་ཤུགས་སྣོན་བྱས་ཏེ། བྱ་བའི་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་དང་། སྲིད་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་བྱེད་པ་ཤུགས་དྲག་ཏུ་གཏོང་བ། དབང་བོ་སྐྱོན་ཅན་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་སེམས་ཁུར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དབང་བོ་སྐྱོན་ཅན་པའི་ལས་རིགས་འཕེལ་རྒྱས་བགྲོད་ལམ་ཡངས་པོར་ཕྱེ་བ། དབང་བོ་སྐྱོན་ཅན་པར་རོགས་བྱེད་པའི་ཚན་རྩལ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། དབང་བོ་སྐྱོན་ཅན་པའི་བདེ་ཐང་དང་། སློབ་གསོ། རིག་གནས་ལུས་རྩལ། བཅོལ་གཉོར་བདག་སྐྱོང་། བཀག་རྒྱ་མེད་པ་སོགས་སྤྱི་བའི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ། དབང་བོ་སྐྱོན་ཅན་པའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས་དབང་བོ་སྐྱོན་ཅན་པར་སྔར་མང་བའི་ཐོབ་ཚོར་དང་སྐྱིད་སྣང་ཡོད་པར་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་དང་། ཀྲིའུ་ཆང་། ཧྲའོ་ཧུང་། ཞན་ཧོས། ཝང་ཏུང་ཧྥིན། ཧི་པའོ་ཞང་། ཝང་ཀོང་ཆན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས། སློབ་གསོ་པུའུ་དང་། དམངས་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། སྲིད་གྲོས་ཨུ་ཡོན་དང་ལྷན་དུ་གྲོས་མོལ་བརྗེ་རེས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།