ནག་འཇོམས་ངན་སེལ་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བའི་སྐོར་གྱི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་གྱིས་ལྟ་སྐུལ་མཛུབ་སྟོན་སྔོན་གྱི་གསོ་སྦྱོང་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉིན་འགའི་སྔོན་ལ། ནག་འཇོམས་ངན་སེལ་རྒྱུན་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བའི་སྐོར་གྱི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་གྱིས་ལྟ་སྐུལ་མཛུབ་སྟོན་སྔོན་གྱི་གསོ་སྦྱོང་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ནག་འཇོམས་ངན་སེལ་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་བྱས་པ་བརྒྱུད་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད། གནོན་ཤུགས་བརྒྱུད་འདྲེན། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས། ནག་འཇོམས་ངན་སེལ་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཝུན་ཆིན་གྱིས་ལྟ་སྐུལ་མཛུབ་སྟོན་བྱས་པ་བརྒྱུད། ས་གནས་སོ་སོས་ནག་འཇོམས་ངན་སེལ་བྱེད་པའི་འཐབ་རྩོད་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས། ས་གནས་སོ་སོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་རེ་འབོད་ལ་སྒོ་ཀུན་ནས་བསྟུན་པ། རྡུང་རྡེག་གཏོང་བའི་མདུང་རྩེ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ཆེ་ཤོས་དང་འཁོན་འཛིན་ཆེ་ཤོས་ཡིན་པའི། ནག་ངན་གྱི་སྟོབས་ཤུགས་རིགས་སོ་སོས་ཁྲིམས་འགལ་ནག་ཉེས་བཟོ་བར་དམ་པོར་གཏོད་རྒྱུ་བཅས་བྱས་ནས། ཀྲུང་དབྱང་གི་ནག་འཇོམས་ངན་སེལ་གྱི་སྟོབས་ཤུགས་གནས་ན་ངེས་པར་དུ་གཙང་སེལ་བྱེད་ངེས་གཏན་ཡིན་པའི་ཆོད་སེམས་གང་ལེགས་སྒོས་མངོན་པར་བྱེད་དགོས་ཞེས་བསྟན།

ཁྲིན་ཝུན་ཆིན་གྱིས་ལྟ་སྐུལ་མཛུབ་སྟོན་གྱི་གཙོ་གནད་ཁ་གསལ་བཟོ་བ་དང་གནད་དོན་མངོན་གསལ་ཅན་ནུས་ཤུགས་ཡོད་རྒུས་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་མི་དམངས་མང་ཚོགས་ལ་ལྟ་སྐུལ་མཛུབ་སྟོན་གྱི་ཕན་འབྲས་མཐོང་ཐུབ་པར་བྱེད་དགོས། གཙོ་གནད་ཁུངས་སྣེར་ཞིབ་བཤེར་དང་གྱོད་གཞི་གལ་ཆེན་གྱི་མཁྲེགས་གཏོར་གནས་ཚུལ་ལ་དམ་པོར་དམིགས་ནས་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། ས་གནས་སོ་སོས་གཏིང་ཟབ་པ་དང་མཐར་ཕྱིན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས། ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་ནས་སྔོན་འགོག་བྱས་པའི་གནས་ཚུལ་ལ་དམིགས་ནས་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། ས་གནས་སོ་སོས་ལས་རིགས་ཁྱབ་ཁོངས་དངོས་ཁྲོད་ཀྱི་ནག་ཚོགས་དང་སྤྱོད་ལམ་ངན་པའི་ཁུངས་སྣེར་གྲལ་བཤེར་དང་མངོན་སྟངས་ཟང་ཟིང་ཅན་བཅོས་སྒྲིག་སོགས་ཀྱི་ལས་དོན་ཟབ་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ནས། ནག་ཚོགས་དང་སྤྱོད་ལམ་ངན་པའི་རིགས་ཀྱི་སྟོབས་ཤུགས་ཐོན་སའི་བར་མཐོངས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བཙིར་གནོན་བྱེད་དགོས།  ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་དམིགས་ནས་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་གྱོད་གཞི་སྒྲུབ་གཉེར་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་རིགས་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་འཐབ་རྩོད་དངོས་ཀྱི་ནང་ཞུགས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་རུ། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཐོག་མ་སྤེལ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།