
ཐེན་ཅིན་དང་། ཧྲན་ཞི། ཅང་ཞི། ཀན་སུའུ་སོགས་ས་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་བྱ་འགུལ་སྣ་མང་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དམངས་སེམས་སུ་འཇགས་པ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།
ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཐེན་ཅིན་གྱིས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་འགྲེལ་བཤད་བྱེད་ཅིང་། ཆེད་ལས་མཁས་པས་འགྲེལ་བཤད་གསལ་བོ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྒྲོག་འགྲེལ་ཡན་ལག་རུ་ཁག་སྟོང་གཅིག་དང་ལྔ་བརྒྱ་ལྷག་རྩ་འཛུགས་བྱས་ནས། ཁེ་ལས་བཟོ་གྲྭ་དང་། གྲོང་གསེབ་སྡེ་ཁུལ། སློབ་མར་སློབ་ཁྲིད་བྱེད་ས་སོགས་སུ་སོང་སྟེ་ཁ་གཏད་རང་བཞིན་གྱི་སྒྲོག་འགྲེལ་བྱས།
ཧྲན་ཞིའི་ས་ཁུལ་སོ་སོས་དངོས་ཡོད་དང་ཟུང་འབྲེལ་བྱས་ཤིང་། ཆེད་དོན་གསབ་ཁྲིད་དང་མཉམ་འགུལ་བརྗེ་རེས་སོགས་ཀྱི་རྣམ་པ་སྣ་མང་གི་གཞི་རིམ་སྒྲོག་འགྲེལ་བྱ་འགུལ་བརྒྱུད་དེ། གོ་བདེ་བའི་སྐད་ཆ་དང་། དཔེ་གསོན་པོ། གཞི་གྲངས་ཡང་དག་བཅས་བེད་སྤྱོད་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས།
ཅང་ཞི་ཞིང་ཆེན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔའི་སྒྲོག་འགྲེལ་མི་སྣ་གཞི་རིམ་དུ་བསྐྱོད་དེ། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཞིགས་ནས་མཉམ་འགུལ་སྒྲོག་འགྲེལ་བྱས་པ་དང་། མང་ཚོགས་ཀྱིས་གོ་བདེ་བའི་ཡུལ་སྐད་བེད་སྤྱད་ཅིང། དོན་ཟབ་གོ་སླ་བའི་སྒོ་ནས་འགྲེལ་བཤད་བྱས་ཏེ། ཚང་མས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པར་བྱས།
ཀན་སུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་ཚོ་བཅས་མཉམ་འགུལ་བྱེད་པ་དང་། ཡུལ་དངོས་དང་དྲ་སྟེང་མཉམ་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་མང་པོ་རྩ་འཛུགས་བྱས་ཤིང་། ལས་ཁུངས་དང་། ཁེ་ལས། སློབ་གྲྭ། སྡེ་ཁུལ། སྡེ་གྲོང་སོགས་ལ་སོང་ནས་ཁག་བགོས་ཅན་དང་དམིགས་བྱ་ཅན་གྱི་སྒྲོག་འགྲེལ་བྱས།
ལྷ་མོ་འཚོས་བསྒྱུར།