
ཟླ9པའི་ཚེས13ཉིན་ནས་ཚེས14ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བརྒྱུད་སྒྲོག་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་ཁྲོད་བསམ་པའི་སྟོབས་ཤུགས་རླབས་ཆེན་ལ་ཚོར་ཤེས་བྱེད་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བར་སྐུལ་འདེད་བཏང་།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་རྩ་འཛིན་དང་རྩ་བའི་གཞི་འཛིན་ས་རུ་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འོག་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་འཕེལ་ཕྱོགས། མཚོ་ལྷོའི་ནུས་པར་དམ་དུ་དམིགས་ཏེ། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་དཔལ་ཡོན་དང་ཏང་གི་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཚོ་ལྷོ་གསར་བ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་རླབས་ཆེན་སྐྱོད་ལམ་སྟེང་གོམ་སྟབས་བརྟན་པོ་བསྒྱུར།
ཟླ9པའི་ཚེས13ཉིན་གྱི་ཞོགས་པར། སྒྲོག་འགྲེལ་ཚོགས་པ་ཆར་བའི་ཁྲོད་གུང་ཧོ་རྫོང་བདེ་སྐྱིད་ཐང་དགོན་པར་སོང་ནས་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་དཔེ་གཞི་དངོས་དང་བབ་ཆགས་གོ་བདེ་ཡི་སྐད་ཆ། ལྷད་མེད་བརྩེ་སེམས་ཁྱེར་ནས་སྒྲོག་འགྲེལ་ཡུལ་དངོས་ཀྱི་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་ཡིད་འགུལ་ཐེབས་པའི་སྣང་ཚུལ་དང་དྲོད་ཁོལ་ལྡན་པའི་གསུང་བཤད་སྒྲོག་འགྲེལ་བྱས་པས། ཡུལ་དངོས་ཀྱི་མང་ཚོགས་ཚོས་དགའ་བསུ་ཆེན་པོ་དང་ཚུར་སྣང་ཆེན་པོ་ཐོབ།
མཚོ་ལྷོ་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཧའེ་ཧྲན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པས། མཚོ་ལྷོ་ཁུལ་གྱིས་མུ་མཐུད་དུ་འཕེལ་རྒྱས་ཡོད་ཚད་ཐད་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་དོན་སྙིང་བསྩལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་པའི་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་མཐུན་འཕྲོད་ཡོང་བར་སྣེ་ཁྲིད་བྱེད་དགོས།
ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། སྒྲོག་འགྲེལ་ཚོགས་པ་གུང་ཧོ་རྫོང་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ་རུ་སྒྲོག་འགྲེལ་བྱེད་པར་སོང་། ཚང་མས་མཚོ་ལྷོའི་ཆེས་མཛེས་པའི་མཛེས་ལྗོངས་ནི་འཚར་ལོངས་འབྱུང་བཞིན་པའི་སློབ་གྲྭ་ཡིན་པ་དང་། ཆེས་མཛེས་པའི་ཉམས་འགྱུར་ནི། དགེ་སློབ་ཚོའི་གདོང་གི་ཤེས་བརྩོན་འཛུམ་མདངས་ཡིན་ལ། ཆེས་གཅེས་སུ་རུང་བའི་མི་སྣ་ནི། བྱིས་པ་ཚང་མ་སློབ་ཞུགས་བྱེད་དུ་འཇུག་ཆེད་འབད་བརྩོན་བྱེད་བཞིན་པའི་སློབ་གསོ་བ་ཚོ་ཡིན།
སྣང་ཚུལ་དེ་མཐོང་རྗེས། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་རྒན་ཞོ་ཧྥེ་ཞུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོ་མོ་ཡོད་སའི་སློབ་ཁང་དུ་ཕེབས་སྐབས་ཀྱི་སྣང་ཚུལ་ལ་ཕྱིར་དྲན་བྱས། དེའི་རྗེས་ཀྱི་སྒྲོག་འགྲེལ་ཁྲོད། ཞོ་ཧྥེ་ཞུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་ཤུགས་ཧ་ཅང་འཇམ་ཞིང་དང་གསུང་བཤད་ལ་དྲོད་ཁོལ་ལྡན་ལ། ཁོང་ནི་བྱམས་བརྩེ་ལྡན་པའི་སྤོ་བོ་ཞིག་དང་འདྲ་བར། རང་ཉིད་ཀྱི་ཚ་བོ་ཚ་མོ་ལ་ཐུགས་ཁུར་བྱེད་པ་བཞིན་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བར་རྒྱུས་ལོན་གསལ་བོ་དང་ཐུགས་ཁུར་ཆེན་པོ་མཛད་ཟེར།
དམའ་འབྲིང་གི་རྒྱ་ཡིག་དགེ་རྒན་ལིས་ལེང་གིས་བསྟན་དོན། སྒྲོག་འགྲེལ་ལ་ཉན་རྗེས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་དངོས་སུ་ཚོང་བྱུང་ལ། འགན་འཁྲི་དེ་ལས་ཀྱང་ལྕི་བའི་སྣང་བ་སྐྱེས་བྱུང་། གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སློབ་མའི་གོ་ཐུབ་པའི་སྐད་ཆའི་སྟེང་ནས་བཤད་དེ། སློབ་མ་ཚོས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་བའི་ཁྲོད་ཞུགས་སུ་འཇུག་དགོས།
ཟླ9པའི་ཚེས14ཉིན། སྒྲོག་འགྲེལ་ཚོགས་པ་མཚོ་ལྷོ་ཁུལ་གྱི་ཉི་འོད་ནུས་པའི་གླིང་ཁུལ་དུ་སྒྲོག་འགྲེལ་བྱེད་པར་སོང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་རྨ་ཆུ་ཀུང་ཟི་ཟི་ལིང་ཡན་ལག་ཀུང་ཟིའི་བཟོ་རྩལ་བཟོ་སྐྲུན་པ་ཝེ་རུང་གིས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། རེ་བ་སྟོང་ཟད་དུ་མི་གཏོང་བ་ཞེས་པ་ཁ་བྱང་དུ་བྱས་ནས། དོན་ཟབ་ཅིང་གོ་བདེ་བའི་སྒོ་ནས་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཀྱིས་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་བཏང་།
མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཆོས་དབྱིངས་ཀྱིས་བཤད་རྒྱུར། དག་གཙང་ནུས་ཁུངས་མགྱོགས་མྱུར་སྒོས་འཕེལ་རྒྱས་སོང་བ་དེས། མཚོ་ལྷོ་ཁུལ་གྱི་སྲོལ་རྒྱུན་ཞིང་ཕྱུགས་ལས་དེ་དག་གཙང་ནུས་ཁུངས་མཚོན་བྱེད་དུ་བྱས་པའི་ལྗང་མདོག་གསར་དར་ཐོན་ལས་སུ་ཚུལ་བསྒྱུར་བྱེད་པ་མངོན་འགྱུར་བྱས།
གཞིས་ཁུལ་ནི་སེམས་ཀྱི་ལྷིང་འཇགས་ཀྱི་མཚོ་ཁུག་དང་བདེ་སྐྱིད་ཀྱི་དྲོ་བའི་འཚོ་ཁུག་ཡིན། ཉིན་དེའི་ཕྱི་དྲོར། སྒྲོག་འགྲེལ་ཚོགས་ཆབ་ཆ་གྲོང་རྡལ་མཁར་ཤར་གཞིས་ཁུལ་དུ་སྒྲོག་འགྲེལ་བྱེད་པར་སོང་། གྲལ་དག་པའི་སྲང་ལམ་དང་གོ་རིམ་ལྡན་པའི་ཁང་བ། ཆ་ཚང་བའི་རྨང་གཞི་སྒྲིག་ཆས། འཐུས་ཚང་བའི་ཆ་སྡེབས་ཞབས་ཞུ་བཅས་ཀྱིས་གཞིས་ཁུལ་གྱི་ག་ས་གང་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱི་ཁེངས་པར་བྱས་ཡོད།
ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུང་ཀོན་དབྱིན་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལག་བསྟར་བྱས་པའི་གནས་ཚུལ་གཟིགས་ཞིབ་བྱེད་སྐབས་ཀྱི་སྣང་ཚུལ་བཤད་པ་དང་། ཉེ་བའི་ལོ་འགའི་རིང་ལ། པན་ཡན་སྡེ་བས་མངགས་བཅོལ་སེམས་ལ་བརྟན་པོར་བཟུང་ནས་དྲིན་བསམ་མདུན་སྐྱོད་བྱས་པ་དང་། སྡེ་བ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱས་པ་དང་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པའི་འབད་འཐབ་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས།
མཁར་ཤར་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡན་ཞིན་ཧྥེ་ཡིས་བཤད་རྒྱུར། གཞིས་ཁུལ་ནི་སླེ་བོ་ཞིག་ཡིན་པ་དང་། ཚང་མ་ནང་དུ་བཞག་ཆོག གཞིས་ཁུལ་གྱི་བྱ་བའི་ཐད་ནས་གཞིས་ཁུལ་གྱི་ལས་བྱེད་མི་སྣའི་འཆར་འགོད་ཞིབ་མོ་དང་དོ་དམ་ཞིབ་ཕྲའི་མངོན་པར་བྱེད་དགོས་པ་དང་། ཁྱིམ་མཚེས་བར་གྱི་འགལ་རྩོད་དང་དམངས་ཚིས་སྲིད་ཇུས་ཀྱི་དྲིལ་སྒྲོག་སྟེང་མངོན་པར་བྱེད་དགོས། གཞིས་ཁུལ་གྱི་སྒྲིག་ཆས་སྲུང་སྐྱོབ་བྱེད་པ་དང་། དམིགས་བསལ་མི་ཚོགས་ལ་གཟིགས་སྐྱོང་བྱེད་པ་གང་རུང་ཐད་ནས། མཁར་ཤར་གཞིས་ཁུལ་གྱིས་ལས་བཀུར་དང་སྐྱེས་འབུལ་གྱི་འདུ་ཤེས་ཁྱེར་ནས་མཁར་ཤར་བདེ་སྐྱིད་་གཞིས་ཁུལ་གྱི་འཆམ་མཐུན་དྲ་རྒྱ་བརྟན་པོ་བསྐྲུན་པ་དང་། སྡོད་དམངས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་རྒྱུན་མཐུད་ངང་ཇེ་མཐོར་བཏང་།
སྒྲོག་འགྲེལ་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་ཡུལ་དངོས་སུ་སོང་ནས། ཇི་མ་ཇི་བཞིན་དུ་སྒྲོག་འགྲེལ་བྱེད་པར་དོ་སྣང་བྱས་པ་དང་། ཡུལ་སྐད་བཟང་བོར་བཀོལ་ལ། རྣམ་པ་ཇེ་བཟང་དུ་གཏོང་བ་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་བའི་སེམས་ཤུགས་བཏོན་པ་དང་། མང་ཚོགས་དང་ཉེ་བར་བྱེད་པའི་སྟེང་བརྩེ་སེམས་ལྡན་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་གཞི་རིམ་དུ་བསྒྲགས། ཚང་མས་ལང་ལོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་ལ་མྱོར་ཚོར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དང་ཏང་གི་གསར་གཏོད་གཞུང་ལུགས་གཉིས་ཟུང་འབྲེལ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་པོ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཐུགས་ཁུར་དེ་དྲིན་བསམ་པའི་བརྩེ་བ་རུ་བསྒྱུར་བ། མངགས་བཅོལ་ཟབ་མོ་དེ་མདུན་སྐྱོད་ཀྱི་བློ་རྩ་བརྟན་པོ་རུ་བསྒྱུར་ནས། མཚོ་ལྷོའི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་དགའ་གུས་བྱེད་པ་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་བྱེད་པ། སེམས་གཏིང་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལམ་བསམ་པ། ཏང་གི་རྗེས་སུ་འབྲངས་པའི་སྟོབས་ཤུགས་ཆེན་པོ་ཆེར་སྐྱེད་དགོས།
རིན་ཆེན་མཚོས་བསྒྱུར།