
ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཧན་གོ་དང་ཀྲུང་གོའི་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ་ཅིན་ཐའེ་ཉན་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོར་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། ཕྱི་འབྲེལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་རྒྱུན་འཁྱོངས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་རྒྱུན་མཐུད་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་པའི་རེ་བ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་ལ་སྔར་ལས་སྟབས་བདེ་བསྐྲུན་པའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་འདོད་ཡོད་ལ། ཧན་གོའི་ལས་རིགས་སོ་སོའི་མི་སྣ་ཀྲུང་གོར་བལྟ་སྐོར་བྱེད་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད།
ཅིན་ཐའེ་ཉན་སོགས་ཏང་ཁག་སོ་སོའི་གྲོས་མིས་ཧན་གོ་དང་ཀྲུང་གོའི་གྲོས་མིའི་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས། འཐབ་ཇུས་བརྗེ་རེས་ལ་ཤུགས་སྣོན་པ་དང་། མི་སྣ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བཅས་བྱས་ཏེ། ཨེ་ཤ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་བརླིང་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།