ཟླ5པའི་ཚེས14ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཞེ་དྲུག་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་། ལིའུ་ཐུང་ཏི། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་འབྲེལ་ཡོད་མི་དོན་བྱ་བའི་གསལ་བཤད་ལ་ཉན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བའི་གྲོས་གཞིའི་གྲོས་འདོན་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་ནར་སོན་མེད་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་གཏན་འབེབ་བཟོ་བཅོས་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྒྲུབ་བྱ་བའི་གཏན་འབེབས་རེ་འགའི་འཆར་ཟིན་གྱི་གྲ་སྒྲིག་དང་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་བཟོ་བཅོས་སྲོལ་ཡིག་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོགས་དང་གློག་གི་གནོད་འཚེ་སྔོན་འགོག་སྲོལ་ཡིག་བཟོ་བཅོས་བྱེད་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་བཟོ་བསྐྲུན་དོ་དམ་སྲུང་སྐྱོབ་སྲོལ་ཡིག་མཚམས་འཇོག་པའི་ཐག་གཅོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱུགས་ཟོག་ཐོན་སྐྱེད་སྲུང་སྐྱོབ་དང་འཕེལ་རྒྱས་སྲོལ་ཡིག་མཚམས་འཇོག་པའི་ཐག་གཅོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་རྡལ་དྲོད་འདོན་དང་དྲོད་བཀོལ་སྲོལ་ཡིག དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་རྫོང་མཁར་གྱི་ཤོངས་ཚད་དང་འཕྲོད་བསྟེན་དོ་དམ་བཟོ་བཅོས་སྲོལ་ཡིག དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་སྲོལ་ཡིག ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ལོ་ཚོད་འགྱུར་ལྡོག་གཏན་འབེབས་ལག་བསྟར་བྱེད་པར་གྲ་སྒྲིག་དང་ཞིབ་བཤེར་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་ཞིང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ལེགས་འགྲུབ་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་དག་ཐེར་བྱ་བའི་གནས་ཚུལ་སྙན་ཞུའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། མི་དོན་བསྐོ་འཐེན་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུའི་སྐོར་གྱི་རེ་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ཐོག་གོང་གསལ་བཏོན་པའི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་མོས་མཐུན་བྱུང་།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་ཉིན་རིམ་བཀོད་སྒྲིག་འཆར་ཟིན་ལ་མོས་མཐུན་བྱུང་བ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་གྲོས་འཆམ་བྱུང་།
གྲོས་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2025ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་དང་དངུལ་བསྡུའི་སྔོན་རྩིས་ལེགས་སྒྲིག་འོས་འཚམ་བྱས་ནས་རྗེས་སུ་སྣུར་ཏེ་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2024ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་ལས་དོན་དོ་དམ་གནས་ཚུལ་སྙན་ཞུའི་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་སྙན་ཞུར་མོས་མཐུན་བྱུང་།
གྲོས་ཚོགས་ཐོག་བློ་མཐུན་ཝང་ཅན་ཕིན་གྱི་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་རིག་མཛོད་ཀྱི་ཆེད་མཁས་གདན་ཞུའི་ལས་གནས་མཚམས་འཇོག་པའི་གྲོས་གཞི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ནུས་མཐོ་རུ་གཏོང་བའི་གནས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་ཚུལ་དངོས་འབེབས་གནས་ཚུལ་ཐད་ཆེད་དོན་འདྲི་རྟོགས་སྤེལ་བའི་བྱ་བའི་ཇུས་གཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དངུལ་རྩའི་ལས་དོན་གནས་ཚུལ་སྙན་ཞུའི་ཐད་གྲོས་ཞིབ་བསམ་ཚུལ་བཏོན་པའི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ལས་གོང་གསལ་གྱི་སྙན་ཞུ་ཁག་ལ་མོས་མཐུན་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།