《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་སྐོར་གྱི་དཔེ་ཚོགས》པོད་བཅུ་གཅིག་པ་ནས་བཅོ་ལྔ་པ་པར་སྐྲུན་འགྲེམས་སྤེལ་བྱས།
2025.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་སྐོར་གྱི་དཔེ་ཚོགས》པོད་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར། ཉེ་ལམ་ཀྲུང་དབྱང་ཡིག་ཚགས་ཞིབ་འཇུག་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཏེ་རྒྱལ་ཡོངས་སུ་བཀྲམ།

དེབ་དེའི་པོད་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས2023ལོའི་ཟླ11པ་ནས་བཟུང་རྩ་འཛུགས་བྱས་ནས་རྩོམ་འབྲི་བྱས་པ་མ་ཟད་མི་དམངས་ཉིན་རེའི་ཚགས་པར་དང་།《བདེན་འཚོལ》དུས་དེབ་སོགས་སུ་སྤེལ་བའི་བསྟུད་འགོད་གཞུང་ལུགས་དྲིལ་བསྒྲགས་རྩོམ་ཡིག29གཅིག་བསྡུས་བྱས་ཡོད་པ་དང་ཡིག་འབྲི་འབུམ་གཉིས་དང་ཁྲི་གསུམ་ཙམ་ཡོད།

རྩོམ་ཡིག་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་མ་ལག་ཅན་གྱིས་ཞིབ་འཇུག་དང་།    གཞུང་ལུགས་ལག་ལེན་ཉམས་མྱོང་གི་འགྲེལ་བཤད་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།     དེབ་དེའི་པོད་དང་པོ་ནས་ལྔ་པ་དང་།  པོད་དྲུག་པ་ནས་བཅུ་པའི་བར2020ལོ་དང2023ལོར་པར་སྐྲུན་འགྲེམ་སྤེལ་བྱས་མྱོང་།

ཤ་བོ་རིན་མཚོས་བསྒྱུར།