བཀྲ་ཤིས་ཟླ་བའི་ཡུས་ཧྲུའུ་སྲིད་དབང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་ཕུལ་བའི་མི་སྒེར་གྱི་རོལ་དབྱངས་ཆེད་སྒྲིག་བརྩམས་ཆོས་འགྲེམ་སྤེལ་བྱས་པ། (པར)
སྤེལ་དུས།  2011-08-01 10:48:02    རྡེབ་ཚད། 

2011ལོའི་ཟླ7པའི་ཚེས30ཉིན་སྤེལ་བའི་གནས་ཚུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་བསུ་བ་བྱེད་ཆེད། རྒྱལ་ནང་གི་མིང་དུ་གྲགས་པའི་དབྱངས་རྩོམ་པ་པོ། རོལ་མོ་བཀོད་འདོམས་པ། མི་རིགས་རོལ་མོའི་གཞུང་ལུགས་པ། «གེ་སར»རོལ་མོའི་ཆེད་མཁས་པར་འབོད་པའི་མཚོ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་འཚར་ལོངས་བྱུང་པའི་བོད་རིགས་རོལ་མོ་པ་བཀྲ་ཤིས་དར་རྒྱས་ཀྱིས་གནའ་མཁར་ཟི་ལིང་ནས་ཁོང་གི་ཆེས་ཐོག་མའི་སྒེར་གྱི་བརྩམས་ཆོས་ཆེད་སྒྲིག་འགྲེམ་སྤེལ་བྱས་པ་དང་ཆེད་སྒྲིག་བརྩམས་ཆོས་དེའི་ནང་དོན་ལ་དྲིན་ལན་གྱི་ལེའུ་དང་རྨི་ལམ་སྙེག་པའི་ལེའུ་གཉིས་སུ་འདུ། 

བཀྲ་ཤིས་དར་རྒྱས་ཀྱིས་བཤད་རྒྱུར། སྤྱི་ལོ2010ལོའི་ཡུས་ཧྲུའུ་ཡི‘4·14’རང་བྱུང་ས་ཡོམ་ཆེན་པོ་དེས་སྤུན་ཟླ་གང་མང་ཞིག་གི་ཚེ་སྲོག་སྐད་ཅིག་ཏུ་འཕྲོག་པ་དང་། ང་ཡི་ཕ་ཡུལ་སྐྱེ་རྒུ་ཁད་མ་ཐག་ཏུ་ཡ་ང་བའི་ཞིག་རོ་ཐང་དུ་བསྒྱུར། དུས་དེར་རི་བོས་ངུ་སྔགས་བཏོན་ནས་གདུང་འབོད་བྱས། གཙང་བོ་སེམས་པ་སྡུག་ནས་མིག་ཆུ་འཐོར། ང་ཚོས་ལྷན་དུ་མུན་ནག་གི་ལོ་ཟླ་ཞིག་སྐྱོ་བས་བསྐྱལ་སོང་། དེ་ལྟ་ནའང་། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཆེན་མོ་དེས་ང་ཚོར་སླར་ཡང་རེ་བ་དང་ཡིད་ཆེས། དགོད་སྒྲ་དང་འཛུམ་ཞལ་བསུས་འོང་། དེ་བས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་སྐབས་འདི་དང་བསྟུན་ནས་ང་ཚོས་རང་ཉིད་དང་གྱེས་པའི་སྤུན་ཟླ་དག་ལ་སྐྱབས་འཇུག་ཞུ། ང་ཚོས་ཕྱོགས་མཚམས་ཀུན་གྱི་བློ་དཀར་རོགས་སྐྱོར་པར་བཀའ་དྲིན་ཞུ། ང་ཚོས་དེ་བས་ཀྱང་ཕ་ཡུལ་གྱི་ཁ་སང་དང་མཛེས་སྡུག་གི་ཡུས་ཧྲུའུ་ལ་དྲན་གདུང་བྱ། «ཡུས་ཧྲུའུ། གཙང་བོ་གསུམ་གྱི་མ་ཡུམ»དང« ཁྱེད་ཀྱི་བརྩེ་སེམས»ཞེས་པའི་གཞས་གཉིས་ཀྱིས་ང་ཡི་ཕ་ཡུལ་གྱི་འཁྲེང་ཞེན་དང་དྲིན་ལན་གྱི་བརྩེ་བ། འོད་སྣང་གི་རེ་བ་བཅས་མཚོན་པར་བྱས་ཡོད།
མཇུག་མཐར་ཁོས་བསྟན་དོན། རེབ་འདིའི་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྤེལ་ཐད་ལ་རོགས་འདེགས་མི་དམན་པ་ཐོབ་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་དག་ལ་བཀའ་དྲིན་ཆེ་ཞུ་ཟེར། དེ་དག་ནི་གཤམ་ལྟར། ངག་དབང་དབང་གྲགས༼བརྙན་རིས༽ཧན་ཕིན་ཆིན༼སྒྲིག་སྦྱོར༽ཞི་ཝུན་ཅོན༼སྒྲིག་སྦྱོར༽ཝང་ཡའེ༼གྱེར་འདོན༽ཡ་ཏུང་། ཉི་མ་ལྷ་མོ། དབྱངས་ཅན་ལྷ་མཛེས།  གངས་བཞུགས།  ཨོ་རྒྱན་ཚེ་རིང་། ཤེས་རབ་ཕུན་ཚོགས། ནཱ་ཏེ་ཁ༼སུའེ་ཙེར༽བསོད་ནམས་ཆོས་སྒྲོན། བསྟན་འཛིན་སོགས། 


                                                                                 9.jpg

སྐུ་ཞབས་བཀྲ་ཤིས་ཟླ་བའི་ཉེ་པར།

རྩོམ་སྒྲིག་པ། ཚེ་བཀྲ།

支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2