ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཕྱོགས་ཁག་ཆེན་པོ་གཉིས་པས་ཕཱ་ལེ་སི་ཐན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།
2018.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

བཅིངས་འགྲོལ་རྩ་འཛུགས་ཀྱི་ཕཱ་ལེ་སི་ཐན་མི་དམངས་འཐབ་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་སྤེལ་བར་ཐག་བཅད་ཡོད་པའི་ཕཱ་ལེ་སི་ཐན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཞུགས་རྒྱུ་མིན་ཟེར།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཕྱོགས་ཁག་ཆེན་པོ་གཉིས་པ་ཡིན་པའི་ཆ་ནས། མི་དམངས་འཐབ་ཕྱོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མིག་སྔར་ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་གནད་དོན་ཐད་ནས་གྲོས་འཆམ་མ་བྱུང་བའི་གནས་ཚུལ་འོག རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ན་ནང་ཁུལ་གྱི་ཁ་བྲལ་རྣམ་པ་ཇེ་སྡུག་ཏུ་གཏོང་སྲིད་ཟེར། མི་དམངས་འཐབ་ཕྱོགས་ཀྱིས་བལྟས་ན། ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཁ་བྲལ་གནད་དོན་ཐག་གཅོད་བྱས་རྗེས་གཅིག་གྱུར་གྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཤིག་བསྡུ་དགོས་པར་འདོད་ཀྱང་། དོན་དེའི་ཐད་ནས་ཧྥ་ཐཱ་ཧི་བར་གྲོས་འཆམ་བྱུང་མེད།

གསལ་སྒྲོག་ལས་བཤད་རྒྱུར། མི་དམངས་འཐབ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ནི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་པའི་གོ་གནས་དང་ནུས་པར་བརྩི་འཇོག་བྱེད་པ་དང་། གཅིག་གྱུར་གྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཤིག་བསྡུ་བར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།