དབྱི་རག་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་ཆམ་ཕབ་བཏང་།
2018.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་བསྟན་དོན། དབྱི་རག་གི་མཁའ་དམག་གིས་ཉིན་དེར་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་རག་གི་མཐའ་མཚམས་དང་ཉེ་སར་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་བར་སྣང་ཆམ་ཕབ་བྱས་ཟེར།

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་དང་སི་རི་ཡཱའི་མཐའ་མཚམས་ཉེ་འདབས་ཀྱི་དབྱི་རག་སྲིད་གཞུང་དམག་དཔུང་ལ་སྲུང་སྐྱོབ་བྱེད་ཆེད། དབྱི་རག་གི་ཙུང་ལི་དང་དྲག་ཆས་དམག་དཔུང་གི་སྤྱིའི་དམག་སྤྱིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་པཱ་ཏིས་ཀྱིས་བཀའ་རྒྱ་བཏང་བ་བརྒྱུད། ང་ཚོའི་མཁའ་དམག་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་རག་གི་མཐའ་མཚམས་དང་ཉེ་སར་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་ཆམ་ཕབ་བཏང་བ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རིགས་དེ་མཚུངས་ཀྱི་བར་སྣང་འཇབ་རྒོལ་ལས་དབུས་ཤར་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་མྱུར་མོར་གཙང་ཕྱགས་བྱེད་ཐུབ་ཟེར།