ཨ་སེ་པེད་ཅང་གི་ཙུང་ཐུང་གིས་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ་ཙུང་ལི་གསར་བ་བསྐོ་འཇོག་བྱས།
2018.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ། ནོའུ་ཧྥུའུ་ལུའུ་ཙི་མཱ་མཱ་ཏའོ་ཧྥུའུ་ཨ་སེ་པེད་ཅང་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས།

ཨ་སེ་པེད་ཅང་གི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཉིན་དེའི་སྔ་དྲོར། ཨ་ལེ་ཡེ་ཧྥུའུ་ཡིས་གྲོས་ཚོགས་ལ་ནོའུ་ཧྥུའུ་ལུའུ་ཙི་མཱ་མཱ་ཏའོ་ཧྥུའུ་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིར་མིང་འདོན་བྱས། དེའི་རྗེས་སུ་ཨ་སེ་པེད་ཅང་གྲོས་ཁང་གིས་མིང་འདོན་དེར་ཆོག་མཆན་བཀོད།

ནོའུ་ཧྥུའུ་ལུའུ་ཙི་མཱ་མཱ་ཏའོ་ཧྥུའུ་ཡིས་གྲོས་ཁང་ནས་ཞུ་ཚིག་འབུལ་སྐབས་བསྟན་དོན། སྲིད་གཞུང་གི་སྡེ་ཁག་སོ་སོ་དང་གྲོས་ཁང་བར་མཉམ་ལས་ཟབ་མོ་བྱས་ཏེ། མཉམ་དུ་རྒྱལ་ཁབ་ཀྱི་གཏན་འཇགས་དང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

ནོའུ་ཧྥུའུ་ལུའུ་ཙི་མཱ་མཱ་ཏའོ་ཧྥུའུ་ནི་གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོར་ཨ་སེ་པེད་ཅང་གི་ནཱ་ཞི་ཆེ་ཝན་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ནས་སྐྱེས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཙུང་ཐུང་གི་ཕྱི་འབྲེལ་ལས་དོན་གྱི་ལས་རོགས་པ་དང་། ཙུང་ཐུང་བཞུགས་ཤག་གི་ཕྱི་འབྲེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དུ་བསྐོ་འཇོག་བྱས།

ཡང་བསྐྱར་བསྟུད་འགན་ཁུར་བའི་ཨ་ལེ་ཡེ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། ཨ་སེ་པེད་ཅང་གི་རྩ་ཁྲིམས་ལྟར་ན། ཉིན་དེར་སྲིད་གཞུང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་ཏེ་ལྟ་སྐྱོང་སྲིད་གཞུང་དུ་འགྱུར་དགོས་པ་རེད།