ཨ་མེ་རི་ཁ་དང་འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་མུ་མཐུད་དུ་མནའ་མཐུན་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
2018.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་དང་འཚམས་འདྲིར་ཡོང་བའི་འཇར་པན་གྱི་རྒྱལ་སྲུང་བློན་ཆེན་ཞའོ་ཡེ་སི་ཝུའུ་ཏེན་གཉིས་ཀྱིས་ཚེས་ཉི་ཤུའི་ཉིན་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཨ་མེ་རི་ཁ་དང་འཇར་པན་གྱིས་མནའ་མཐུན་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། མུ་མཐུད་དུ་ཁྲའོ་ཞན་ལ་གནོན་ཤུགས་བྱིན་ནས། གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་འཕུར་མདའི་ལས་གཞི་བསྐྱུར་དུ་འཇུག་རྒྱུ་ཡིན་ཟེར།

མཱ་ཏིས་སི་དང་ཞའོ་ཡེ་སི་ཝུའུ་ཏེན་གཉིས་ཀྱིས་ཉིན་དེར་ཟུར་ལྔའི་ཐོག་ཁང་ཆེན་མོ་ནས་གྲོས་མོལ་བྱས་ཏེ་གསར་འགྱུར་ལས་རིགས་ལ་གོང་གི་སྐད་ཆ་དེ་བཤད་པ་རེད།

གཞན་ཡང་ཟུར་ལྔའི་ཐོག་ཁང་ཆེན་མོས་སྤེལ་བའི་གསལ་སྒྲོག་ལྟར་ན། མཱ་ཏིས་སི་ཡིས་གྲོས་མོལ་བྱེད་སྐབས་ད་རུང་བསྟན་དོན། འཇར་པན་གྱིས་ལོ་མཇུག་གི་སྔོན་ལ་ཡང་བསྐྱར་རྒྱལ་སྲུང་འཆར་འགོད་རྩ་གནད་ལ་དཔྱད་འཇོག་བྱེད་པར་དགའ་བསུ་ཞུས། ཕྱོགས་གཉིས་ཀྱིས་ད་རུང་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གནས་སྤོར་གནད་དོན་ལ་གྲོས་བསྡུར་བྱས།