ཧན་གོ་ཡིས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་དང་འཕུར་མདའི་ཚོད་ལྟ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས།
2018.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་དང་གླིང་ཆེན་བར་གྱི་འཕུར་མདའི་གཏོང་འཕེན་ཚོད་ལྟ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པའི་ཆོད་དོན་ལ་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱི་ཆོད་དོན་དེ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་མཚོན་ན་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ཡིན་པ་དང་། འཛམ་གླིང་གི་རེ་སྒུག་དང་ཡང་འཚམ། ཆོད་དོན་དེས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཐུབ་ཟེར།

གསལ་སྒྲོག་ལས་བསྟན་དོན། ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་ལ་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད་པ་དང་། གྲོས་མོལ་ནས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།