ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་དམག་དཔུང་གིས་དབྱི་ལིང་གི་འགུལ་སྐྱོད་གང་རུང་ལ་རྒོལ་ལན་སྤྲོད་པར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།
2018.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་དབྱི་ལིང་གི་འགུལ་སྐྱོད་གང་རུང་ལ་རྒོལ་ལན་སྤྲོད་པར་གྲ་སྒྲིག་བྱས་ཡོད། དབྱི་སི་རལ་གྱི་མི་དམངས་ལ་གནོད་སྐྱེལ་བའི་ཇུས་གཞི་གང་ཡིན་ཡང་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཐི་ལཱ་ཝེ་ཧྥུའུ་ནས་དབྱི་སི་རལ་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་རྗེས་དྲན་བྱེད་པའི་དམིགས་བསལ་ནེ་ཀིའི་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་དབྱི་སི་རལ་ལ་གནོད་པའི་ཇུས་གཞི་གང་རུང་ལ་རྒོལ་ལན་སྤྲོད་ཐུབ་ཟེར།

ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ལེ་པའོ་མན་གྱིས་ཅཱ་ཧྲ་ས་ཁུལ་དང་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་དང་མི་དམངས་གང་ཡིན་ཡང་། དབྱི་ལིང་གི་འཇིགས་ཉེན་ལ་རྒོལ་ལན་སྤྲོད་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཉེ་སྔོན་དབྱི་ལིང་དང་དབྱི་སི་རལ་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱིས་དབྱི་ལིང་གིས་སི་རི་ཡཱ་རུ་དམག་དཔུང་བཀོད་སྒྲིག་བྱེད་འདོད་ཡོད་པར་བཟོད་སྒོམ་བྱེད་ཐབས་མེད་པ་ཐེངས་མང་བོར་བསྐྱར་སྒྲོག་བྱས།