ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་ཨ་པུའུ་ཨར་ཅཱ་ཅི་ཡེ་ཧྥུའུ་ཙུང་ལིར་བསྐོ་འཇོག་བྱས།
2018.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གསར་འགྱུར་ཅུའུ་ཡི་སྤྱི་སྒྲོག་ལྟར་ན། ཙུང་ཐུང་རི་ཨིན་པེ་ཁི་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨ་པུའུ་ཨར་ཅཱ་ཅི་ཡེ་ཧྥུའུ་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས།

རི་ཨིན་པེ་ཁི་ཧྥུའུ་ཡིས་ཉིན་དེར་ད་རུང་སྲིད་གཞུང་གི་ཁོངས་མི་གཞན་པའི་འབྲེལ་ཡོད་ཙུང་ཐུང་བཀའ་རྒྱའང་བཀོད་ཡོད།

ཅིར་ཅི་སི་སི་ཐན་གྲོས་ཁང་གིས་ཚེས་ཉི་ཤུའི་ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཨ་པུའུ་ཨར་ཅཱ་ཅི་ཡེ་ཧྥུའུ་ཙུང་ལི་གསར་བར་བསྐོ་འཇོག་བྱེད་པར་འདེམ་ཤོག་འཕངས། གྲོས་ཚོགས་ནས་ད་རུང་ཨ་པུའུ་ཨར་ཅཱ་ཅི་ཡེ་ཧྥུའུ་ཡིས་སྤྲོད་པའི་སྲིད་གཞུང་གི་སྲིད་འཛིན་རྩ་གནད་དང་སྲིད་གཞུང་གསར་བའི་ཁོངས་མིའི་མིང་ཐོ་ལའང་གྲོས་འཆམ་བྱུང་།

ད་ལོར་ལོ་ལྔ་བཅུ་ཡིན་པའི་ཨ་པུའུ་ཨར་ཅཱ་ཅི་ཡེ་ཧྥུའུ་ཡིས་སྔོན་ཆད་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་དང་ཙུང་ལིའི་གཞུང་སྒྲུབ་ཁང་ཐིན་གྱི་ཀྲུའུ་རིན་གྱི་འགན་ཁུར་མྱོང་།