སྤེལ་དུས།2018.08.10 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0


ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཨ་མེ་རི་ཁས་བཏོན་པའི་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་གཞིར་བཟུང་སྟེ་དེར་མཚུངས་ཀྱི་རྒོལ་ལན་བྱེད་ཐབས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ལག་བསྟར་བྱས་པའི་བཀག་སྡོམ་ལ་གཞིགས་ཏེ་རྒོལ་ལན་བྱེད་ཐབས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན། ཨུ་རུ་སི་ལ་རྣམ་པ་གང་རུང་གི་བཀག་སྡོམ་ཐེབས་ན། བྱེད་ཐབས་དེ་འདྲས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་རྫས་འགྱུར་མཚོན་ཆ་བཀོལ་བར་ཁ་གཡར་ནས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱད་པར་ཁུངས་ལུང་ཅི་ཡང་མེད། ཨ་མེ་རི་ཁའི་སྲིད་གཞུང་གིས་ད་རུང་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་རྒྱུའི་ཚུལ་བསྟན་པ་རེད། བྱ་སྤྱོད་དེ་ནི་རྫུན་ཁོ་ན་རེད་ཟེར། ཁོ་མོས་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་སྤྱད་པ་ནི་ཨུ་རུ་སིའི་སྔོན་ཆད་ཀྱི་གསང་འཕྲིན་མི་སྣ་སི་ཁི་ལི་ཕཱ་ཨར་དང་དེའི་བུ་མོར་དབྱིན་ཇི་ནས་དུག་ཕོག་པའི་དོན་རྐྱེན་གྱི་རྟོག་ཞིབ་བྱ་བར་ཐད་ཀར་གནོན་ཤུགས་སྟེར་བའི་ཆེད་རེད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་བའི་བྱ་སྤྱོད་གང་ཡིན་ཡང་ཨུ་རུ་སིའི་གདམ་གསེས་མིན་ཟེར།
ཨ་མེ་རི་ཁའི་སྤྱི་མཐུན་ཏང་གི་གྲོས་མི་པའོ་ལོ་ཡིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པའི་གནད་དོན་ཐད་ནས་ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་ཁྱབ་ཁོངས་སོ་སོའི་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་ལ་རེ་བས་ཁེངས་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་དགུའི་ཉིན་བསྟན་དོན། ཨ་མེ་རི་ཁས་བཀག་སྡོམ་བྱེད་ཐབས་གསར་བ་དང་སི་ཁི་ལི་ཕཱ་ཨར་དང་དེའི་བུ་མོའི་དུག་ཕོག་དོན་རྐྱེན་ཟུང་དུ་སྦྲེལ་བའི་བྱ་སྤྱོད་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སི་ཡིས་སྔར་བཞིན་ཨ་མེ་རི་ཁའི་བར་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་བ་འཛུགས་པར་རེ་བ་བྱས་ཡོད་ལ། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གཏན་འཇགས་དང་བདེ་འཇགས་ལ་ཕན་ཐོགས་ཡོད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཙུང་ཐུང་ཕུའུ་ཅིན་གྱིས་ཐེངས་མང་བོར་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པ་དང་གནད་དོན་གཙོ་བོར་གྲོས་བསྡུར་བྱེད་པའི་རྣམ་འགྱུར་བསྟན་ཡང་། ཨ་མེ་རི་ཁས་དེར་མཚུངས་ཀྱི་རྣམ་འགྱུར་མ་བསྟན་པ་ནི་ཡིད་འཕང་བའི་དོན་ཞིག་རེད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།